དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-09

    རྒྱ་རྩིས་དགུན་ཐ་ལྕགས་མོ་གླང་ཟླ་ཆུང་བ། ཚེས་12བྱའི་ལྔ་ཆ་བཞི་ནས་རང་ཟླའི་དབུགས་ཐོབ། དགུན་ཟུག གྲང་བའི་ངར་འགོ་རྒྱས། ས་ལ་ཁ་འཁྱག་འོང་། ཐག་ཆུ་དང་པོ་གཏོང་རན། ལྷགས་པ་ངད་གྲང་། སྟོད་བྱང་འབྲོག་པའི་ས་ཁུལ་དུ་ཁ་བ་ཆེ་ན་དབུས་གཙང་ཞིང་ཁུལ་དུ་དགུན་གྲང་། ཕྱི་ལོ་དབྱར་སྨད་ཞོད་ཅེས་ཟེར། ཞིང་ཁུལ་དུ་ལུད་གསོག་ལས་དོན་དམ་འཛིན་བྱེད་པ་དང་། འབྲོག་ཁུལ་དུ་ཕྱུགས་རིགས་དཀར་ནག་གི་ར་བ་དང་མངལ་སྦྲུམ་ལ་སྲུང་སྐྱོང་ཡག་པོ་བྱ་དགོས། མུ་མཐུད་ནས་བྱང་དང་བྱང་ཤར་གྱི་འབྲོག་ཁུལ་དུ་ཕྱུགས་རིགས་ལ་དྲོ་ཇུས་བྱེད་དགོས། 

    སྤྱི་ལ་ཟླ་འདིར་འབྱུང་བ་ས་རླུང་ཁམས་ཤས་ཆེ་བས་ཡུལ་སྤྱིར་འཐིབས་ཤས་ཆེ་ཞིང་རླུང་བུ་ལྡང་། བྱེ་བྲག་ཚེས་ཤར་ནས་ལྷག་པ་སྡིག་སྤྱོད་སྐར་མར་གནས་ཤིང་། ཚེས་7ནས་སྒྲ་གཅན་རླུང་སྐར་སྟེང་སྤྱོད་པས་ལྷོ་ནུབ་སོགས་ས་གནས་ལ་ལར་ནམ་འཁོར་ཆེ་ཞིང་རླུང་འཚུབ་གཡོ་བའི་མཚན་མ་མངོན། དབུས་ཕྱོགས་སུ་ཁ་རླུང་སྙོམས། ཤར་དང་ནུབ་ཕྱོགས་སུ་ཁ་རླུང་མི་སྙོམས། ཚེས་20ནས་ལྷག་པ་རྒྱུ་སྐར་ས་གའི་སྟེང་འཁྱོག་འགྲོས་ཀྱིས་ཕྱིར་ལོག་པས་ཁ་རླུང་འཚུབ་པའི་ངོ་། སྤྱིའི་འབབ་ཚེས་3、5、6、7、9、11、12、13、17、19、20、21、25、28、30བཅས་ཀྱི་སྐོར་ལ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།