གསར་འགོད་པར་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་བོད་ཀྱིས་རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། མིག་སྔའི་བར་བོད་དུ“ནད་ཆེན”ཁག་286བོད་རང་ནས་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”ཁག་1824གྲོང་ཁྱེར་དང་ས་ཁུལ་དུ་སྨན་བཅོས་ཐུབ་པ། རྫོང་རིམ་པའི་སྨན་ཁང་དུ་རྒྱུན་དུ་ཐོན་པའི“ནད་ཆུང”སྨན་བཅོས་ཐུབ་པ་བཅས་བྱུང་ཡོད།
ཉེ་བའི་ལོ་གསུམ་རིང་བོད་ཀྱིས་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་དང་རང་ངོས་ནོར་སྲིད་ཀྱི་མ་དངུལ་སྤྱི་འདོམས་བྱས་ནས་རོགས་སྐྱོར་བྱེད་སའི་སྨན་ཁང་8ལ་གཞི་རྩའི་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་ཆེད་སྒོར་དུང་ཕྱུར་36.68བཏང་བ་དང་། སྣེ་ཁྲིད་སྨན་ཁང་8དང་ཚན་པ་འགན་གཙང་སྨན་ཁང་ཁག་65ལ་མཐུན་སྦྱོར་བྱས་པ། གཅིག་གཏད་གཅིག་གི་རོགས་སྐྱོར་འབྲེལ་བ་དང་རོགས་རམ་ལམ་སྲོལ་ཁ་གསལ་བཟོས་པ། རོགས་སྐྱོར་སྨན་ཁང་དང་རོགས་རམ་བྱེད་སའི་ཁོའོ་དང་ཁང་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་པས་སྒྲིག་སྲོལ་ལམ་ལུགས་ཁག་3351འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ་དང་། བརྒྱུད་རིམ་209ལེགས་སུ་དང་བསྐྱར་དུ་བཟོས་པ། གཙོ་གནད་ཆེད་ཚན་76བཏོད་པ། སྨན་བཅོས་ཚོགས་པ་421དང་ས་གནས་ཀྱི་སྨན་དོན་པ་930ལ་ཆ་སྒྲིག་རྒྱུད་ཁྲིད་བྱས་པ། རྣམ་གྲངས་576གི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྱི་གྲུབ་འབྲས་ཐད་ཀར་ནང་འདྲེན་བྱས་པ་རེད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཚོར་སྒོ་རྩ་ནས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།