དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-30

    ངའི་མིང་ལ་མིག་སྐྱིད་མཚོ་མོ་ཟེར་གྱི་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་དང་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་པ་ཞིག་ཡིན།

    བོད་ཀྱི་གསོ་བ་རིག་པ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་མཁས་དབང་དཀྱུས་མ་ཞིག་གི་ངོས་ནས་བོད་ཀྱི་གསོ་བ་རིག་པ་དེ་བོད་རྙིང་པར་ཁྱིམ་རྒྱུད་དང་། དགེ་སློབ། དགོན་སྡེ་བཅས་བར་རྒྱུན་འཛིན་གྱི་ཐབས་ལ་བརྟེན་ནས་རྒྱུན་མཐུད་དང་འཕེལ་རྒྱས་གཏོང་གི་ཡོད་པ་ངས་གསལ་པོ་ཤེས་ཀྱི་ཡོད། བོད་རྙིང་པར་བོད་ཀྱི་གསོ་བ་རིག་པ་ནི་མི་འབོར་5%ཡང་མེད་པའི་མངའ་བདག་ཆེན་པོ་གསུམ་གྱིས་བདག་གིར་བཟུང་གི་ཡོད། 1951ལོར་བོད་ཧྲིལ་པོར་བོད་ལུགས་གསོ་རིག་གི་སྒྲིག་གཞི་3ལ་སྨན་དོན་ལས་ཀ་བྱེད་མཁན་བཅུ་ཕྲག་ཁ་ཤས་ལས་མེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་1989ལོར་སློབ་སྦྱོང་དང་། ཞིབ་འཇུག སྨན་བཅོས། ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་མི་རིགས་ཀྱི་སྲོལ་རྒྱུན་སྨན་དང་སྨན་བཅོས་ཀྱི་རིམ་མཐོའི་སློབ་གྲྭ་གསར་འཛུགས་བྱས་པ་དེ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་རེད། དེ་ནི་རྒྱལ་ཡོངས་སུ་སློབ་གསོ་པུའི་ཆོག་མཆན་ཐོབ་ནས་ཁེར་རྐྱང་དུ་བཙུགས་པའི་རིམ་མཐོའི་བོད་ལུགས་གསོ་རིག་སློབ་གླིང་ཞིག་ཡིན། སློབ་གྲྭ་བཙུགས་ནས་ལོ་29སོང་རིང་ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་འཛུགས་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་བྱས་ཡོད། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་ཁ་ཤས་བཏང་ནས་ཚན་རིག་ཞིབ་འཇུག་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་ཀྱིས་བོད་ཀྱི་གསོ་བ་རིག་པ་ཞིབ་འཇུག་བྱ་རྒྱུ་དེ་863རྣམ་གྲངས་དང་973རྣམ་གྲངས་སོགས་གཙོ་གནད་ཞིབ་འཇུག་རྣམ་གྲངས་སུ་བཅུག་པ་མ་ཟད། ད་དུང་བོད་ལུགས་གསོ་རིག་སློབ་གླིང་འཛུགས་རྒྱུའི་རྣམ་གྲངས་དེ་རྒྱལ་ཁྱབ་ཀྱི་འདེགས་སྐྱོར་རྣམ་གྲངས་དང་། རྒྱལ་ཁབ་ཀྱི་རྒྱུ་ནོར་ཐེབས་རྩའི་རྣམ་གྲངས། ཀྲུང་དབྱང་དང་ས་གནས་མཉམ་སྐྲུན་གྱི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་རྣམ་གྲངས་སོགས་སུ་་བཅུག་སྟེ་བོད་ལུགས་གསོ་རིག་སློབ་གླིང་དེ་བོད་ཀྱི་གསོ་བ་རིག་པའི་སློབ་གསོ་དང་། ཚན་ཞིབ། ཐོན་ལས། རིག་གནས། སྨན་བཅོས། ལུས་གསོ་བཅས“ཕྱོགས་དྲུག་གཞི་གཅིག”གི་ཁྱད་ཆོས་ནས་སློབ་གཉེར་བྱེད་པའི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    བོད་གསར་རྙིང་བསྡུར་བ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ་དང་བོད་སྐྱོབ་ཐུབ། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་བོད་ཀྱི་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་། ཐུན་མོང་ཐོག་དར་རྒྱས། ཐུན་མོང་ཐོག་ཡར་ཐོན་བཅས་དངོས་འབྲེལ་གཏོང་ཐུབ། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་བོད་ཀྱི་མི་རིགས་ཁག་ལ་སྣེ་ཁྲིད་དེ་མདུན་སྐྱོད་བྱེད་པའི་ལས་འགན་ལྕི་པོ་འཁུར་ཐུབ་པ་དང་བོད་ཀྱི་བྱ་གཞག་ཁག་རྒྱལ་ཁ་ནས་རྒྱལ་ཁ་ཐོབ་པའི་ལམ་བུའི་ཐོག་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་ཐུབ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་གསོ་བ་རིག་པར་སྲུང་སྐྱོབ་ནུས་ལྡན་དང་འཕེལ་རྒྱས་བྱུང་བ་དང་། ཀྲུང་ཧྭའི་གསོ་བ་རིག་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་མཆོག་ནོར་ལྟ་བུ་ཡིན་པའི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འོད་སྟོང་གསར་པ་འཕྲོས་པ་དང་ཡིད་དབང་འཕྲོག་ཤུགས་མངོན་པ་ངར་མྱོང་ཚོར་ཟབ་མོ་བྱུང་།

    བོད་རིཌ་ཀྱི་བུད་མེད་གཞོན་ནུ་དཀྱུས་མ་ཞིག་ནས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དང་ཨོ་སི་ཁྲུ་རི་ཡའི་རྒྱལ་ཁབ་ཚན་རིག་སློབ་གླིང་དུ་གསོ་བ་རིག་པ་དང་མིའི་རིཌ་ཀྱི་རིག་པའི་མཆོག་རམས་པའི་སློབ་གནས་གཉིས་ལྡན་མཁན་ཨང་དང་པོ་དེར་གྱུར་པ་ཚང་མ་ནི་ཏང་དང་སྲིད་གཞུང་གི་གསོ་སྐྱོང་དང་ཐུཌ་ཁུར་ལས་བྱུང་བ་ཞིག་ཡིན། ངས་རླབས་ཆེན་མེས་རྒྱལ་དང་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་ཆེན་པོ་ཡོད། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་རྒྱུ་བཅས་ནི་ངའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ཡིན། དུས་གང་ཞིག་དང་ཁོར་ཡུག་གང་འདྲ་ཞིག་གི་འོག་ཏུ་ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་བ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་རྒྱལ་ཡོངས་མི་རིཌ་ཁག་གི་མི་དམངས་ཀྱི་གཙོ་འཛིན་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།