དབུ་ཤོག>བོད་ལུགས་གསོ་རིག
  • སོག་རྫོང་སྨན་རྩིས་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གཟུགས་བརྙན་བཏོད་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-27

    1987ལོར་སོག་རྫོང་སྨན་རྩིས་ཁང་དངོས་སུ་བཙུགས་ཚུན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གཟུགས་བརྙན་རྒྱུན་ཆད་མེད་པར་བཏོད་པས། མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཐོན་སྐྱེད་བཅས་གཅིག་ཏུ་བསྡུས་པའི“ཀ་པ་རིམ་པ་གཉིས་པ་བརྩོན་ལེན་བྱེད་པའི”མི་རིགས་ཀྱི་སྨན་ཁང་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད།

    2017ལོའི་ཟླ་8པའི་ཟླ་དཀྱིལ་དུ་སོག་རྫོང་སྨན་རྩིས་ཁང་གི་སྨན་པ་འགའ་ཞིག་ཕྱིར་ལས་ཀ་བྱེད་པར་བསྐྱོད་ནས་སོག་རྫོང་དུ་ལོག་པའི་ལམ་བར་དུ་རྨས་སྐྱོན་ཕོག་པའི་ཧུའུ་ནན་གྱི་སྐྱེས་པ་ཞིག་ཕྲད། སྨན་པ་ཚོས་འཕྲལ་དུ་སྨན་ཁང་དང་འབྲེལ་གཏུགས་བྱས་ཏེ་ཁོང་དང་རྡོག་ཁྲེས་སྨན་ཁང་དུ་དབོར། རྨས་མ་ནང་ས་ནས་སླེབས་པ་དང་ཁོ་པར་རྒྱུས་མངའ་མེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ། སྨན་ཁང་གིས་རྨས་མ་ཆེད་མངགས་མི་གཅིག་གི་ཉལ་ཁང་དུ་བཀོད་སྒྲིག་བྱས་ནས་རྨ་ཁར་དུག་སེལ་དང་གསོ་རླུང་རྔུབ་ཏུ་བཅུག་པ་དང་འབྲེལ་ཁོ་པར་ལྟོ་ཆས་སྟེར་བ་རེད། སྨན་དོན་མི་སྣའི་ཐུན་མོང་འབད་བརྩོན་འོག་ནད་པ་དྲག་སྐྱེས་བྱུང་ནས་སྨན་ཁང་ནས་དོན། འོན་ཀྱང་སྨན་རིན་སྒོར་500ལས་ཕྱིན་མེད། ཡུལ་སྐོར་བ་དེས་སོག་རྫོང་སྨན་རྩིས་ཁང་གི་སྤུས་ལེགས་ཞབས་ཞུ་དང་སྒེར་སེམས་མེད་པའི་རོགས་སྐྱོར་ལ་བསྔགས་བརྗོད་བྱས་པ་དང་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    “ནད་བཅོས་སྲོག་སྐྱོབ་ལ་རྒྱལ་མཚམས་དང་། རིགས་རྒྱུད། གོ་གནས་བཅས་ཀྱི་དབྱེ་བ་མེད་པར་བྱམས་སྙིང་རྗེ་བསྒོམས་ནས་འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་ཕན་བདེ་སྐྲུན་དགོས” བོད་ཀྱི་གསོ་བ་རིག་པའི་སྲོལ་འབྱེད་མཁན་གཡུ་ཐོག་ཡོན་ཏན་དགོན་པོས་ང་ཚོར་བཞག་པའི་སྨན་བཅོས་ཀྱི་སྙིང་དོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་སོག་རྫོང་སྨན་རྩིས་ཁང་གི་ཡོན་ཀྲང་བཀྲ་ཤིས་སྟོབས་རྒྱལ་གྱིས་གསར་འགོད་པར་ངོ་སྤྲོད་བྱས།

    དུས་རབས་21ལ་སླེབས་པའི་ད་ཆ། སོག་རྫོང་སྨན་རྩིས་ཁང་གིས་འཛམ་གླིང་ལ་ཁ་ཕྱོགས་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཕུལ་བྱུང་གི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བའི་འགན་འཁྲི་ལག་བསྟར་བྱེད་བཞིན་ཡོད། མི་རིགས་ཀྱི་སྲོལ་རྒྱུན་སྨན་བཅོས་ཞབས་ཞུའི་ཚན་པ་ཡིན་པའི་སོག་རྫོང་སྨན་རྩིས་ཁང་གིས་དུས་ཡུན་རིང་པོའི་ནང་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་སྨན་ཁང་གི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་སྨན་ཁང་གི་རིག་གནས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་པ་དང་འབྲེལ། སྨན་ཁང་གི་ཞབས་ཞུའི་ལས་དོན་ཁག་དང་དེ་བཞིན་རིག་ཚན་འཛུགས་སྐྱོང་གི་གྲོས་རིམ་ནང་བཅུག་ནས་སྨན་བཅོས་ཞབས་ཞུ་དང་མི་རིགས་མཐུན་སྒྲིལ་ཟུང་འབྲེལ་ཡག་པོ་དང་སྨན་ཁང་གི་རྒྱ་ཆེའི་ལས་བཟོ་ཚོར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དགོས་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ་”གྱི་བསམ་བློ་བརྟན་པོ་འཛུགས་དགོས་པ། བྱ་སྤྱོད་དངོས་ཀྱིས་མི་རིགས་མཐུན་སྒྲིལ་ལག་ལེན་བསྟར་དགོས་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།