དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ། བོད་ཟླ་བདུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-20

    རྒྱ་རྩིས་སྟོན་ཐ་ས་མོ་ཕག་ཟླ་ཆུང་བ། ཚེས་7ཡོས་ཀྱི་ལྔ་ཆ་ལྔ་ནས་འགྲོ་བའི་སྒྲོན་མེ་གདོང་ལྔའི་ཁབ་ཏུ་འབྱོར། ཟླ་བདག་འཇམ། རང་ཟླའི་ཚེས་7ནས་ཕྱི་ཟླའི་ཚེས་6བར་བུམ་སྟོང་ཤར། མུ་མཐུད་ནས་དགུན་གྲོ་རྔ་བསྡུ་བྱེད་པ་དང་། གཡུལ་ལས་གཏོང་བ། སྟོན་རྨོད་རྒྱག་པ། དགུན་གྲོ་འདེབས་པ་བཅས་དུས་ཐོག་ཏུ་བྱེད་དགོས། ཚེས་14སྦྲུལ་གྱི་ལྔ་ཆ་གཉིས་ནས་སྟོན་ཐོག་མའི་རང་སྒང་ཟིན། ཆར་སྒང་འཆག ཆུ་བོ་ཁ་འབྲི། མུ་མཐུད་སྟོན་བསྡུ་ཟིན་པའི་ཚར་མར་ཆུ་སྐྱོན་དང་བཞའ་སྐྱོན། རུལ་སྐྱོན་བཅས་མི་ཡོང་བ་བྱེད་དགོས། སྟོད་བྱང་འབྲོག་པའི་ཁུལ་གྱི་ཕྱུགས་ཟོག་རྣམས་སྤང་རི་མཐོ་ས་ནས་དམའ་སར་སྐྱ་སྤོས་ཏེ་ཤ་ཤེད་རྒྱས་ཐབས་དང་ཕ་སྦྱོར་གྱི་ལས་ཀ་ཡག་པོ་བྱེད་དགོས། ཚེས་18སྦྲུལ་གྱི་ལྔ་ཆ་ལྔ་ནས་གྲུབ་རྩིས་སྐར་མ་རི་ཥི་འཆར། ཞག་བདུན་རིང་ཆུ་ཀླུང་ཡན་ལ་བརྒྱད་ལྡན་བདུད་རྩིར་འགྱུར་བས་སྨན་དཔྱད་དང་ཁྲུས་ལ་གཞུག་པར་བྱ།

    སྤྱི་ལ་ཟླ་འདིར་འབྱུང་བ་མེ་ཆུའི་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཆར་རླུང་འཚུབ་པ་མང་ཞིང་ཐོག་གློག་འཁྱུག་པ་སད་སེར་སོགས་ཀྱི་ལོ་དགྲའི་ངོ་། བྱེ་བྲག་ཚེས་ཤར་ནས་སྒྲ་གཅན་གདོང་དང་ལྷག་པ་མིག་དམར་གསུམ་རྒྱུ་སྐར་སྐག་སྟེང་འཛོམས་པ་དང་། སྤེན་ཕུར་ས་རླུང་སྐར་མར་སྤྱོད་ཅིང་ཟླ་སྨད་དུ་སངས་མདུན་ལྷག་པ་གནས་པས་ཤར་དང་། ཤར་ལྷོ། ནུབ་བྱང་ཁུལ་བཅས་ལ་ཆར་དྲག་རླུང་འཚུབ་སོགས་ཀྱི་གནོད་འཚེར་དོགས། སྤྱིའི་འབབ་ཚེས་1、2、6、8、9、11、14、15、18、23、26、28བཅས་ཀྱི་སྐོར་ལ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།