རྒྱ་རྩིས་སྟོན་ར་མེ་ཕོ་སྤྲེལ་ཟླ་ཆུང་བ། ཚེས་3ཕག་གི་ལྔ་ཆ་ནས་སྲིད་པའི་སྒྲོན་མེ་ཁྱུ་མཆོག་ཁྱིམ་དུ་སོན། ཟླ་བདག་རྩུབ། རང་ཟླའི་ཚེས་3ནས་ཕྱི་ཟླའི་ཚེས་4བར་བུམ་སྟོང་ལྷོ། སྟོད་བྱང་འབྲོག་པའི་ས་ཁུལ་དུ་ཁ་བ་ཆར་དུ་ཅུང་ཟད་འགྲོ། དབུས་གཙང་ལྷོ་རྒྱུད་ཞིང་པའི་ས་ཁུལ་དུ་སྐམ་སའི་ཚ་གདུང་འཕེལ་བར་བརྟེན་སོས་ཐན་དང་གནོད་འབུ་སྔོན་འགོག་བྱ་དགོས། ཚེས་11གླང་གི་ལྔ་ཆ་གཉིས་ནས་དབྱར་ཐོག་མའི་རང་སྒང་ཟིན། ཚེས་27འབྲུག་གི་ལྔ་ཆ་གཅིག་ནས་ཕྱི་ཟླའི་དབུགས་ཐོབ། རྩི་ཏོག་ཐོག་མ་རྒྱས། དུས་ཐོག་ཏུ་ཆུ་གཏོང་བ་དང་། ལུད་ཚད་གཞི་དང་མཐུན་པ་རྒྱག་དགོས། མུ་མཐུད་རྩྭ་ངན་འཐོག་རྒྱུ་དང་། ཁ་ལུད་འགྲེམ་རྒྱུ། ཆུ་འདྲེན་གཏོང་། དེ་མིན་འབུ་སྐྱོན་དང་ཐན་སྐྱོན་སྔོན་འགོག་བྱ་རྒྱུར་དོ་སྣང་བྱ་དགོས།
སྤྱི་ལ་ཟླ་འདིར་འབྱུང་བ་མེ་ཆུ་རླུང་གསུམ་གྱི་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་ཆར་གྱི་འབབ་ཚད་འབྲིང་། གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ། ཚེས་3ནས་མིག་དམར་དང་། པ་སངས་ཆུ་རླུང་སྐར་མར་སྤྱོད་ཅིང་། ཚེས་5ནས་ལྷག་པ་མེ་སྐར་སྟེང་གནས་པས་ཁ་ཆར་གྱི་འབབ་ཚད་ཞན། ཤར་ལྷོ་དང་། ལྷོ་ནུབ་ཁུལ་དུ་ཁ་ཆར་འཚུབ་པ་མང་། ནུབ་དང་། ནུབ་བྱང་སོགས་ས་གནས་ལ་ལར་རང་བྱུང་་གནོད་འཚེར་དོགས།སོགས་རང་བྱུང་གནོད་འཚེར་དོགས། སྤྱིའི་འབབ་ཚེས་1、3、4、6、7、11、13、16、18、21、23、25、27、29བཅས་ཀྱི་སྐོར་ལ་ཡིན།