དབུ་ཤོག>བོད་ལུགས་གསོ་རིག
  • ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-17

    ཉེ་དུས། རྒྱལ་ཁབ་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ཕན་འབྲས་ཀྱི་མཉམ་འདུས་དཔྱད་ཞིབ་ཚོགས་ཆུང་དང་བཅས་པ་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་དུ་ཡོང་ནས་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་དཔྱད་ཞིབ་ལས་དོན་སྤེལ་བ་དང་མཉམ་འདུས་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་། དཔྱད་གཞིའི་ཡིག་ཆར་ལྟ་ཞིབ། སྙན་སེང་ཉན་པ། བཞུགས་མོལ་སྤེལ་རེས་སོགས་བྱེད་སྟངས་སྤྱད་པ་བརྒྱུད་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

    སྙན་སེང་ཚོགས་འདུའི་ཐོག་མཉམ་འདུས་དཔྱད་ཞིབ་ཚོགས་ཆུང་གིས་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གིས་སྒྱུར་བཅོས་ལས་དོན་ཁག་ཏན་ཏིག་བསྒྲུབས་པ་དང་སྤྱི་ཡོངས་ལ་སྐུལ་འདེད་བཏང་སྟེ་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་། ནད་ཐོག་སྨན་བཅོས་ཀྱི་བྱེད་ལམ་དོ་དམ། མ་ལག་འཛུགས་སྐྱོང་། སྨན་རྫས་ཀྱི་བར་ཁྱད་མེད་པའི་ལམ་ལུགས་ལག་བསྟར་སོགས་ཀྱི་ཐད་སྒྱུར་བཅོས་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བསྟན་པ་དང་། ལྷུན་རྩེ་རྫོང་གིས་ཐོབ་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས། གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་སྔར་བས་་ལེགས་པའི་སྨན་བཅོས་ཆ་རྐྱེན་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གིས་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་བྱས་ཚུན“མི་དམངས་ཀྱི་ས་ནས་བསྡུས་པ་དེ་མི་དམངས་ཀྱི་དོན་ལ་སྤྱོད་པའི”འདུ་ཤེས་ལག་བསྟར་ནན་ཏན་བྱེད་པ་དང་། སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་གསར་གཏོད་བྱེད་པ། ནད་པ་བློ་ཡིད་ཚིམ་པ་བྱེད་པ། སྨན་རྫས་འཁོར་རྒྱུག་སྒྲིག་སྲོལ་གསར་གཏོད་བྱེད་པ། སྨན་གྱིས་སྨན་པ་གསོ་བའི་ལམ་ལུགས་མེད་པར་བཟོ་བ། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་བརྒྱུད་སྨན་ཁང་གི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྨན་དོན་མི་སྣའི་ཧུར་སེམས་ཆེ་རུ་གང་ལེགས་བཏང་ནས་ཞིང་འབྲོག་མང་ཚོགས་ཚོར་ཕན་པ་དངོས་ཐོབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།