དབུ་ཤོག>བོད་ལུགས་གསོ་རིག
  • སྨན་བཅོས་ཚོགས་སྒྲིག་བོད་སྐྱོར་གྱི་ནུས་པ་ཆེ་ཤོས་འདོན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-17

    ཉེ་དུས། ཧུའུ་པེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ཚོགས་པ་དང་ཝུའུ་ཧན་གྲོང་ཁྱེར་གྱིས་མངགས་པའི་བོད་སྐྱོར་སྨན་པས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྒན་གསོ་ཁང་དང་སྣེ་གདོང་ཆུས་མི་དམངས་སྨན་ཁང་དུ་རིན་མེད་ངང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས། ཡུལ་དེ་གའི་མང་ཚོགས་ལ་སྨན་བཅོས་བྱས་པས་མང་ཚོགས་ཚོར་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ཕན་པ་དངོས་ཐོབ་ཡོད།

    དེ་ཡང་། འཐུས་སྒོ་ཚང་བའི་སྨན་བཅོས་མ་ལག་འཛུགས་པར་མིར་བརྟེན་ནས་ལེགས་གྲུབ་བྱེད་དགོས་པ་དང་ལྷག་དོན་དུ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་མི་སྣར་བརྟེན་དགོས་ཀྱི་ཡོད། རང་ལྗོངས་སུ་སྨན་བཅོས་ཆེད་ལས་ཤེས་ལྡན་མི་སྣ་ཅུང་དཀོན་པའི་དོན་དངོས་ལ་གཞིགས་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ང་ཚོར་ཐོན་ཁུངས་ཡག་པོ་ཞིག་མཁོ་འདོན་ཐུབ་ཡོད། སྨན་བཅོས་བོད་སྐྱོར་གྱི་སྐུལ་ཁྲིད་འོག་རང་ལྗོངས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣ་ཟམ་མི་ཆད་པར་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད་མོད། ཡིན་ནའང་ཅུང་ལེགས་པའི་ཐོན་ཁུངས་སྔར་བཞིན་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་པ་དང་ཞིང་འབྲོག་ཁུལ་དང་ཐག་རིང་ས་ཁུལ་དུ་སྨན་བཅོས་ཤེས་ལྡན་མི་སྣ་སྔར་བཞིན་འདང་གི་མེད། དེར་བརྟེན་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པས་ཡུལ་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་གཞི་རིམ་གྱི་སྨན་བཅོས་ཤེས་ལྡན་མི་སྣ་སྔར་ལས་ལྷག་པའི་སྒོ་ནས་སྔོག་འདོན་དང་གསོ་སྐྱོང་བྱེད་དགོས་པ་དང་ཆབས་ཅིག འཚར་ལོངས་བྱུང་བའི་སྨན་བཅོས་ཤེས་ལྡན་མི་སྣ་གཞི་རིམ་དུ་ཞབས་འདེགས་ཞུ་བར་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས།

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་ལེགས་ཆའི་དབང་གིས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ཡོད་པས། མང་ཚོགས་ཚོས་སྨན་པ་དེ་དག་ལ་ཡིད་ཆེས་དང་ནད་གཞི་ལྟ་འདོད་བྱེད་ཀྱི་ཡོད། དེར་བརྟེན་ལེགས་ཆ་དེ་དག་ལ་བརྟེན་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་ཁྲིད་སྟོན་བརྒྱུད་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་སེམས་ཁྲལ་མི་དགོས་པར་ཐག་ཉེ་སར་སྨན་བཅོས་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པས་གསོ་སྐྱོང་བྱས་པའི་གཞི་རིམ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ནུས་པ་བཏོན་ནས། སྨན་བཅོས་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་གོ་ཆོད་ཚད་ཆེ་ཤོས་སུ་སླེབས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།