དབུ་ཤོག>བོད་ལུགས་གསོ་རིག
  • མི་སེར་ཚོ་ནད་གཞི་ལྟ་བདེ་རུ་ཞེ་དྲག་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-17

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་འཕྲོད་བསྟེན་ཁང་གི་སྨན་ཆུ་སྒྲོག་སར་རྒས་འཁོགས་དང་། ཕྲུ་གུ སློབ་ཕྲུག ཚན་པའི་ལས་བཟོ་བཅས་ཀྱིས་ཁེངས་འདུག སྨན་ཆུ་སྒྲོག་ས་རྒྱ་ཁྱོན་ཆུང་ཡང་གཙང་སྦྲ་དོད་ལ་རྐུབ་སྟེགས་གྲལ་སྟར་འགྲིག་པ་དང་གྱང་སྟེང་དུ་བརྙན་འཕྲིན་གཅིག་བཀལ་ནས་འདུག དྲོ་འཇམ་ཉི་འོད་སྒེའུ་ཁུང་ནས་ས་ཐོག་ཏུ་ཕོག་སྟེ་དྲོ་སོབ་སོབ་ཏུ་སྣང་།

    བྲག་ཡིབ་ཆུས་བུ་ཆུ་ཤང་འཕྲོད་བསྟེན་ཁང་གི་འགན་ཁུར་བས་གསར་འགོད་པར“རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་ཤུགས་ཆེན་འོག ད་ཕན་ལོ་ཤས་རིང་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་གཞི་རིམ་འཕྲོད་བསྟེན་གྱི་སྨན་བཅོས་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་མང་ཚོགས་རྣམས་ས་ཆ་གཞན་དུ་སྨན་ཁང་ལ་འགྲོ་མི་དགོས་པར་རང་སར་སྨན་བཅོས་ཐུབ་ཀྱི་ཡོད། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་གཞི་ཁྱོན་དང་སྨན་བཅོས་ཆ་རྐྱེན་གྲོང་ཁྱེར་གྱི་སྨན་ཁང་ཆེན་པོ་དང་སྡུར་ཐབས་མེད་ཀྱང་སྔོན་འགོག་དང་འཕྲོད་སྦྱོར་སོགས་ཆ་རྐྱེན་འཛོམས་ཡོད་པས། མི་སེར་རྣམས་ནད་ལྟ་དཀའ་བ་དང་སྨན་ཉོ་མི་ཐུབ་པའི་གནད་དོན་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་བརྗོད་བྱུང་།

    མི་སེར་ལ་མཁོ་ཆེ་ཤོས་ཀྱི་ཤང་གྲོང་སྨན་ཁང་དཔལ་འབྱོར་འཕེལ་རྒྱས་དང་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས་དེའི་ནུས་པ་དེ་བས་ཆེན་པོ་འདོན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།