ཟླ་5ཚེས་8ཉིན་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་རྒྱང་ཁྲིད་སྨན་བཅོས་ལས་སྟེགས་བདེ་བླག་ངང་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། རྒྱང་ཁྲིད་སྨན་བཅོས་ཆ་འཕྲིན་དུ་འགྱུར་བ་བརྒྱུད་ལེའོ་ཉིང་བོད་སྐྱོར་གྱི་སྨན་བཅོས་སྤུས་དག་དང་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་མཉམ་སྤྱོད་ཐུབ་པ་དེས་ནག་ཆུའི་རྒྱ་ཆེའི་ལས་བཟོ་དང་ཞིང་འབྲོག་པར་སྒོ་རྩ་རུ་ནང་སའི་ཕན་ནུས་ཆེ་ཞིང་སྟབས་བདེ་ལ་སྤུས་ལེགས་ཀྱི་སྨན་བཅོས་ཀྱི་ཞབས་ཞུ་སྤྱོད་ཐུབ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་རྒྱང་ཁྲིད་སྨན་བཅོས་ལས་སྟེགས་བསྐྲུན་རྒྱུར་ལེའོ་ཉིང་ཤེས་ལྡན་སྨན་བཅོས་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་དང་ཏ་ལན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་དབར་རྒྱང་ཁྲིད་སྨན་བཅོས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ནས་མཉེན་ཆས་དང་རིགས་གཅིག་མཁས་པའི་ཐོན་ཁུངས་ཐད་ནས་ཏ་ལན་གྱིས་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་ཡིན་པ་དང་། ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུས་ཆེད་དོན་མ་དངུལ་ཁྲི་177.3རྣམ་གྲངས་དེའི་ལག་བསྟར་དང་འཛུགས་སྐྲུན་ནང་གཏོང་རྒྱུ་ཡིན་ཞིང་། ད་བར་རྒྱང་ཁྲིད་སྨན་བཅོས་ལས་སྟེགས་དེས་ལས་ཕྱོད་མཐོན་པོ་འདོན་བཞིན་ཡོད་པ་དང་། རིམ་རྩིས་བྱས་ན་སྙིང་པར་བརྟག་དཔྱད་82དང་། སྙིང་པར་ལྟ་སྐུལ་ཚད་ལེན་8 གློག་པར་བརྟག་དཔྱད་36 ནད་གཞི་བརྟག་དཔྱད་11བཅས་བརྒྱུད་སྐྱེལ་བྱས་ཡོད།