ཨ་མའི་འོ་མ་དང་ལྕཌ་བཅུད་མང་བ་དང་འཇུ་བདེ་བའི་ཟས་སྟེར་དགོས། དཔེར་ན། མཆིན་པ་དང་། ཤ ཉ་སོགས་ཡིན། ཟས་ཀྱི་འཚོ་བཅུད་སྡེབ་སྒྲིག་ལ་དོ་སྣང་བྱེད་དགོས། སྐྱེ་ཟླ་མ་ཤར་གོང་སྐྱེས་པའི་ཕྲུ་གུར་ཟླ་རེར་ལྕགས་བཅུད་སྟེར་ནས་ནད་གཞི་སྔོན་འགོག་བྱེད་དགོས། ཟླ་་དྲུག་སོང་རྗེས་ཁྲག་དམར་སྤྲི་དཀར་ལ་བརྟག་དཔྱད་བྱེད་དགོས། གལ་ཏེ་ཁྲག་དམར་སྤྲི་དཀར་ཀུང་ཧྲེང་རེར་ཁེ་11མན་ཡིན་ཚེ་ཟུངས་ཁྲག་ཉམས་པའི་ནད་ཕོག་ཡོད། ཟུངས་ཁྲག་ཤུགས་ཆེན་ཉམས་པའི་སྐབས་སུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས། སྤྱིར་ན་མུ་ཟི་སྐྱུར་ལྕགས་དང་། ཧྥུ་མཱར་སྐྱུར་ལྕགས། རྒུན་འབྲུམ་མངར་སྐྱུར་སོགས་སྨན་པའི་ཁ་ཏ་ལྟར་གཏོང་དགོས། ལྟོ་དུས་གཉིས་དབར་ལྕགས་བཅུད་བཏང་ན་ཕོ་རྒྱུར་གནོད་འཚེ་ཕོག་ཉུང་བ་དང་དུས་མཚུངས་མཉམ་དུ་འཚོ་བཅུད་Cབཟས་ཚེ་ལྕགས་བཅུད་འཇུ་སླ་པོ་ཡོད། ཁྲག་དམར་སྤྲི་དཀར་རྒྱུན་གཏན་ལྟར་ཆཌ་ནས་ཟླ་གཉིས་མ་སོང་བར་ལྕཌ་བཅུད་གཏོང་དགོས་པ་དང་དེ་ལྟར་བྱས་ཚེ་ལྕགས་བཅུད་འདང་ངེས་ཡོང་ཐུབ།