དབུ་ཤོག>བོད་ལུགས་གསོ་རིག
  • རང་ལྗོངས་ཀྱི་དེང་རབས་བོད་སྨན་ལས་སྣོན་ལས་གཞིའི་ཚོད་ལྟ་ཁང་ཐོག་མ་དེ་དབུ་བརྙེས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2017-04-13

    དུས་ཡུན་ལོ་གསུམ་ཙམ་གྱི་གྲབས་གསོག་དང་འཛུགས་སྐྲུན་བྱས་པ་བརྒྱུད།  བོད་ལྗོངས་འཛམ་ནོར་སྨན་རྫས་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་འཛམ་ནོར་དྲ་བ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི།  བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པའི་དེང་རབས་བོད་སྨན་ལས་སྣོན་ལས་གཞི་ཚོད་ལྟ་ཁང་སྤྱི་ཟླ་བཞི་པའི་ཚེས ༨ ཉིན་ལྷ་སར་སྤྱོད་འགོ་ཚུགས་ཤིང་།  སྲོལ་རྒྱུན་བོད་སྨན་བཟོ་རྩལ་དེ་ཉིད་དེང་རབས་བོད་སྨན་ལས་སྣོན་ཕྱོགས་སུ་གོང་འཕེལ་ཡོང་རྒྱུར་སྒུལ་ཤུགས་གསར་པ་མཁོ་འདོན་ཐུབ་རྒྱུ་རེད།

    རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ལས་གཞི་ཚོད་ལྟ་ཁང་ཞིག་ཡིན་པའི་ངོས་ནས་དེང་རབས་བོད་སྨན་ལས་སྣོན་ལས་གཞི་ཚོད་ལྟ་ཁང་གི་མངའ་འོག་ཏུ་གོང་འཕེལ་འཆར་འགོད་ལྟེ་གནས་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་པུའུ།  ཚོད་ལྟ་ལྟེ་གནས་སོགས་ཚན་པ་མང་པོ་བཙུགས་ཡོད།  སློབ་གྲྭ་དང་ཁེ་ལས་མཉམ་འཛུགས་ཀྱི་རྣམ་པ་བཟུང་བའི་དམིགས་ཡུལ་ནི་བོད་སྨན་ལས་སྣོན་བྱེད་པའི་བཟོ་རྩལ་ཐད་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ལེགས་ཆ་དང་ཁེ་ལས་ཀྱི་དེང་རབས་བོད་སྨན་ལས་སྣོན་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟ།  ཐོན་ལས་ཅན་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  ཤེས་ལྡན་པ་གསོ་སྐྱོང་དང་རིག་གཞུང་སྤེལ་རེས།  དེང་རབས་ཅན་གྱི་ཞིབ་འཇུག་གསར་སྤེལ་བཅས་ཀྱི་ལས་སྟེགས་བཙུགས་པ་བརྒྱུད་སྲོལ་རྒྱུན་གྱི་བོད་སྨན་དང་བོད་སྨན་གྱི་ཐོན་རྫས་གསར་པའི་གྲུབ་འབྲས་ཕྱོགས་སྒྱུར་དང་གང་མགྱོགས་ཐོན་ལས་ཅན་ལ་འགྱུར་རྒྱུར་སྐུལ་སྤེལ་གཏོང་ཆེད་རེད།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།