(1)གཅིག་པུར་ཐོག་ཁར་ཡར་འཛེགས་མར་བབ་ཐུབ་པ་དང་། གོམ་པ་རེ་རེ་བཞིན་རྡོ་བཀྱག་ནས་ཡར་འཛེག་མར་བབ་བྱེད་ཤེས་པ།
(2)རྐང་པ་གཉིས་ཀ་དུས་གཅིག་ཏུ་ཡར་བཀྱག་ནས་མཐོ་ཚད་ལི་སྨི་5ཙམ་དང་རྒྱང་མཆོང་ལི་སྨི་20ཙམ་མཆོང་ཐུབ་པ།
(3)རྐང་པ་ཡ་གཅིག་བཀྱག་ནས་མཆོང་བ་དང་ཅ་ལག་ལ་འཐམས་ཏེ་རྐང་པ་ཡ་གཅིག་བཀྱག་ནས་ལངས་ཤེས་པ།
(4)རི་མོ་འབྲི་ཤེས་པ། བསྡོམས་རྟགས་དང་སྒོར་སྒོར་འབྲི་སྟངས་ལད་མོ་བྱེད་ཤེས་པ།
(5)ཤོག་བུ་ལྟེབ་རྩེག་རྒྱག་ཤེས་པ། ཤོག་བུ་ལྟེབ་རྩེག་གཉིས་ཡན་རྒྱག་ཤེས་པ།
(6) ཐ་སྙད་དེ། ཆེ་ཆུང་དང་། གོང་འོག་ཕྱི་ནང་། སྔ་རྗེས་རིང་ཐུང་བཅས་ཤེས་པ།
(7) ཚོས་གཞི་ཤེས་པ་སྟེ། དམར་པོ་ཤེས་པ་དང་ཚོས་གཞི་རིགས་གསུམ་ཡན་ཤེས་པ།
(8) གྲངས་ཀ་བརྩི་ཤེས་པ་སྟེ། 1ནས་3བར་བརྩི་ཤེས་པ།
(9) སྐད་ཆ་ཤོད་ཤེས་པ་སྟེ། སྐད་ཆ་ཚིག་ཆ་ཚང་ཤོད་ཤེས་པ་དང་བྱིས་པའི་གླུ་གཞས་ཁག་གསུམ་ཡན་གཏོང་ཤེས་པ།
(10) རང་གཞན་དབྱེ་བ་འབྱེད་ཤེས་པ་སྟེ། “ང”ཞེས་འབོད་ཤེས་པ་དང་ང་དང་ཁྱོད་མ་ནོར་བར་སྒྱུར་ཐུབ་པ།
(11) གོས་གྱོན་དང་ཕུད་ཤེས་པ་སྟེ། རང་ཉིད་ཀྱིས་སྟོད་ཐུང་དང་གོས་ཐུང་གི་འཐོབ་ཆི་རྒྱག་ཤེས་པ།
(12) སྐྱག་གཅིན་གཏོང་ཤེས་པ་སྟེ། ཉིན་མོ་སྒུགས་ནས་གཏོང་ཤེས་པ་དང་མཚན་མོ་ཉལ་གཅིན་མི་གཏོང་བ།
སུ་ཞིག་ཕྲུ་གུའི་བརྩེ་དུང་གི་བརྟེན་ས་ཡིན་ནམ།
ཕྲུ་གུས་གསོ་སྐྱོང་བྱེད་མཁན་ལ་བརྟེན་པའི་སེམས་པར་ཕྲུ་གུའི་བརྩེ་དུང་གི་རྟེན་ས་ཞེས་འབོད་ཀྱི་ཡོད། བརྩེ་དུང་གི་བརྟེན་ས་ཡོད་པ་ལས་ཕྲུ་གུ་རྒྱུན་གཏན་ངང་འཚར་ལོངས་དང་། ལྷག་པར་དུ། རྒྱུན་གཏན་གྱི་སེམས་ཁམས་འཚར་ལོངས་ལ་གལ་འགངས་ཤིན་ཏུ་ཆེ།
ཕྲུ་གུའི་བརྩེ་དུང་གི་རྟེན་ས་སྐྱེ་དུས་ནས་བཙུགས་ཀྱི་ཡོད། ལྟོགས་པའི་དུས་དང་ངུ་བའི་སྐབས་གསོ་སྐྱོང་བྱེད་མཁན་གྱིས་དུས་ཐོག་ཏུ་ནུ་ཞོ་སྟེར་བ་དང་། སྐྱིད་པོ་མེད་པའི་སྐབས་གསོ་སྐྱོང་བྱེད་མཁན་གྱིས་དུས་ཐོག་ཏུ་པང་དུ་ལེན་པ་དང་བྱམས་སྐྱོང་བྱེད་དགོས། ཆ་རྐྱེན་གང་ཡང་མེད་པའི་ཡང་སྐོར་བསྐྱར་སྐོར་གྱི་བྱམས་སྐྱོང་དེ་དག་ལས་རིམ་བཞིན་ཕྲུ་གུའི་བརྩེ་དུང་གི་རྟེན་ས་གྲུབ་ཀྱི་ཡོད། ཟླ་བ་བཞི་ཙམ་ནས་ཕྲུ་གུས་གསོ་སྐྱོང་བྱེད་མཁན་ལ་གད་མོ་མི་གཞན་ལས་མང་བ་དགོད་པ་དང་། ཟླ་བ་དྲུག་ནས་ལོ་ཕྱེད་བར་ལ་བརྩེ་དུང་གི་བརྟེན་ཚུལ་དེ་བས་མངོན་གསལ་དོད་དུ་སོང་ནས། རྒྱུས་མེད་མི་ལ་ཞེད་སྣང་དང་གསོ་སྐྱོང་བྱེད་མཁན་ལ་ཡིད་ཆེས་དང་ཞེན་ཆགས་བྱེད་ཀྱི་ཡོད།
ཕྲུ་གུའི་བརྩེ་དུང་རྟེན་ས་དེ་རིགས་གསུམ་ལ་དབྱེ་ཆོག་པ་སྟེ། རིཌ་དང་པོ་ནི་བདེ་འཇགས་ཀྱི་རྟེན་ས་སྟེ། གསོ་སྐྱོང་བྱེད་མཁན་ཉེ་སར་ཡོད་ཚེ་བདེ་འཇགས་ཀྱི་སྣང་བ་ཆེན་པོ་ཡོད་པ་དང་། རྒྱུས་མེད་པ་འཁྲིས་སུ་ཡོད་པ་དང་ཆ་རྒྱུས་མེད་པའི་ཁོར་ཡུག་ཁྲོད་ནས་འཚོལ་ཞིབ་ཧུར་ཐག་བྱེད་སྲིད། ཕྲུ་གུ་དེ་རིཌ་ཀྱིས་གསོ་སྐྱོང་བྱེད་མཁན་ལ་རྦད་དེ་བརྟེན་ནས་སྡོད་མི་སྲིད་མོད། གསོ་སྐྱོང་བྱེད་མཁན་དང་ཁ་བྲལ་དུས་ཕྲུ་གུ་དེའི་བྱེད་སྤྱོད་ལ་ཤུགས་རྐྱེན་ཐེབས་སྲིད།