དབུ་ཤོག>བོད་ལུགས་གསོ་རིག
  • ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྐབས་གཉིས་པའི་བོད་སྨན་ཚད་གཞི་མཐོར་གཏོང་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2016-10-27

    ཉེ་ཆར། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་5ཡི་སྐབས་གཉིས་པའི་བོད་སྨན་ཚད་གཞི་མཐོར་གཏོང་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག“ཚད་གཞི་སྔོན་དུ་ལག་བསྟར”བྱ་རྒྱུ་དེས་ལས་རིགས་ཁག་ཡར་རྒྱས་དང་གོང་འཕེལ་འགྲོ་རྒྱུར་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད་ཅིང་། བོད་ལུགས་གསོ་རིག་དང་བོད་སྨན་འདི་ཉིད་བོད་རིགས་ས་ཁུལ་ལ་གཞི་ཚུགས་པ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་པ། འཛམ་གླིང་ཐོག་སྤེལ་བ་བཅས་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འགྲོ་ལམ་ཚད་ལྡན་ཅན་མཐའ་འཁྱོངས་བྱས་ནས། འཐུས་ཚང་གི་མ་ལག་དང་ལག་རྩལ་གྱི་རྨང་གཞི་བློས་འགེལ་ཆོག་པའི་ཚད་ལྡན་གྱི་མ་ལག་ཅིག་བསྐྲུན་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔས་བོད་སྨན་ཚད་ལྡན་དུ་གཏོང་བའི་འཛུགས་སྐྲུན་དམིགས་ཚད་དང་དགོས་མཁོར་གཞིགས་ཏེ། བོད་སྨན་ཚད་ལྡན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཇུས་ཤུགས་མཉམ་འདོན་དང་སྤེལ་རེས་མཉམ་ལས་ཧུར་ཐག་བྱས་ཏེ། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་བྱ་གཞག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།