དབུ་ཤོག>བོད་ལུགས་གསོ་རིག
  • 《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》པར་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-26

     ཟླ་10ཚེས་21ཉིན། གསར་འགོད་པས་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། “སྨན་རྩིས་ཁང”བཙུགས་ནས་ལོ་100འཁོར་བའི་སྐབས་འདིར། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་རྩོམ་སྒྲིག་བྱས་པའི《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》དངོས་སུ་དཔེ་སྐྲུན་ཐོག་མར་བྱས་པ་རེད། དེ་སྔ་ཕོ་བྲང་དང་དགོན་སྡེར་ཉར་ཚགས་བྱས་པའི་དཔེ་དེབ་རྩ་ཆེན་མང་པོ་དང་། དམངས་ཁྲོད་དུ་ཁ་ཐོར་དུ་ལུས་པའི་དཔེ་རྒྱུན་དཀོན་རིགས་དང་། གནའ་དཔེ་རྩ་ཆེན། རྒྱ་འགྱུར་མའི་གནའ་དུས་ཀྱི་དཔེ་ཆ་རྩ་ཆེན་བཅས་ཐོག་མར་དཔེ་སྐྲུན་བྱས་སྟབས། དེའི་རིག་གཞུང་ཞིབ་འཇུག་དང་ཉར་ཚགས་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》བོད་ལུགས་གསོ་རིག་དང་། བོད་སྨན་དང་གནམ་རིག་སྐར་རྩིས། གསུང་རྩོམ་ཕྱོགས་བསྡུས་བཅས་རིགས་གསུམ་ལ་ཕྱེ་ཡོད། དེའི་ནང་བོད་ལུགས་གསོ་རིག་དང་བོད་སྨན་པོད་83དང་། གནམ་རིག་སྐར་རྩིས་པོད་46 གསུང་རྩོམ་ཕྱོགས་བསྡུས་པོད་1བཅས་ཡོད།《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། བོད་ལུགས་གསོ་རིག་དང་བོད་སྨན་དང་གནམ་རིག་སྐར་རྩིས་ཞིབ་འཇུག་དང་བོད་རིག་པ་ཞིབ་འཇུག་ལ་ཤིན་ཏུ་དཀོན་པའི་རྩ་ཆེའི་ཡིག་ཆ་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།