བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་1995ལོར་བཙུགས་ཚུན། ལོ་མང་རིང་བོད་རིགས་ས་ཁུལ་དུ་གཞི་ཚུགས་པ་དང་། སྲོལ་རྒྱུན་བོད་སྨན་རྒྱུན་འཛིན་དང་གསར་གཏོད་ལས་ལ་གཞོལ་བ། བོད་ཀྱི་ཁྱད་ལྡན་ཐོན་ཁུངས་གཞི་རྟེན་དུ་བྱེད་པ། ཁྱད་པར་ཅན་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་པ། རང་བརྟེན་གསར་གཏོད་དང་ཚན་རྩལ་མ་འཇོག་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྲོལ་རྒྱུན་བོད་སྨན་ཐོན་སྐྱེད་དང་དེང་རབས་སྔོན་ཐོན་སྨན་བཟོའི་ལག་རྩལ་མཉམ་འདྲེས་བཅས་བྱས་ཤིང་། བོད་སྨན་ཉིད་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་ལམ་བུ་གསར་པ་འཚོལ་ཞིབ་བྱ་ཆེད། བོད་སྨན་ཐོན་ལས་དེང་རབས་ཅན་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། བོད་སྨན་ཐོན་ལས་ཁྲོད་ཀྱི་སྣེ་འདྲེན་ཁེ་ལས་སུ་གྱུར་ཡོད་པ་རེད།
ཀུང་སིར་རིགས་ཁག་གི་ལག་རྩལ་ཞིབ་འཇུག་མི་སྣ་193ཡོད་པའི་ཁྲོད་མཐོ་རིམ་ལས་ཀའི་གོ་མིང་ཐོབ་མཁན་45དང་། འབྲིང་རིམ་ལས་ཀའི་གོ་མིང་ཐོབ་མཁན་57 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན་2ཡོད་ཅིང་། སློབ་རྒྱུས་ཚང་མ་སློབ་ཆེན་དངོས་གཞིའི་ཚན་ཁག་ཡན་ཡིན་པ་དང་། ལས་ཐོག་འབུམ་རམས་པ་1དང་། རབ་འབྱམས་པ་40 ཕྱི་ནས་གདན་ཞུ་བྱས་པའི་ལས་ཐོག་འབུམ་རམས་པ་8ཡོད་པ་རེད། 2015ལོའི་ཟླ་12ཚེས་31ཉིན་བར། ཀུང་སིར་སྨན་རྫས་ཀྱི་ཆོག་མཆན་ཐོབ་པའི་ཡིག་ཨང་74དང་། གཅིག་པུར་དབང་བའི་སྨན་རྫས་སྣ་ཁ་4 རྒྱལ་ཁབ་ཀྱི་གསང་སྲུང་སྣ་ཁ་2བཅས་ཡོད་པ་དག་རྣམ་གྲངས་35ཡི་རྒྱལ་ཁབ་ཚད་གཞིའི་གཏན་འབེབས་ནང་སྔ་རྗེས་སུ་ཞུགས་ཏེ། རྒྱལ་ཁབ་དང་ས་གནས་ཚན་རྩལ་རྣམ་གྲངས་ཁག་30ལྷག་ཙམ་གྱིས་འགན་འཁུར་བར་བརྟེན། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་བྱ་དགའ་ཁག་3ཐོབ་ཡོད་པ་རེད།