དབུ་ཤོག>བོད་ལུགས་གསོ་རིག
  • གཞི་རིམ་གྱི་བོད་ལུགས་གསོ་རིག་འཕེལ་རྒྱས་གནས་ཚུལ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-09-19

    322788_yis_1474173933521_s.jpg

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བོད་ལུགས་གསོ་རིག་གི་བྱ་གཞག་འདི་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་དང་སྨན་བཅོས་ལག་རྩལ་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་ལྗོངས་ཀྱི་གཞི་རིམ་གྱི་བོད་ལུགས་གསོ་རིག་སྒྲིག་གཞི་ཚང་མས་མེ་བཙའ་དང་། མེ་བུམ། སྨན་ལུམས་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་འབྲེལ་ཡོད་ནད་གཞི་སྨན་བཅོས་བྱེད་ཐུབ་ཅིང་། སྔོན་དཔག་བྱས་ན། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་95%ཡན་གྱི་སྡེ་ཁུལ་དང་100%ཡི་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་གི་ནད་བརྟག་ཁང་དང་བོད་སྨན་ཁང་འཛུགས་རྒྱུ་དང་75%ཡན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་གིས་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞིང་། འདི་ནི་སྟེང་ཆེན་རྫོང་སྨན་རྩིས་ཁང་གིས་ནད་པར་བོད་ལུགས་གསོ་རིག་གི་སྨན་བཅོས་ལག་ཆ་འགྲེམས་སྟོན་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།