དུས་རབས་གཅིག་གི་བགྲང་བྱའི་འཕོ་འགྱུར་ཁྲོད་། སྨན་རྩིས་བསྟན་པའི་རྒྱལ་མཚན་དགུང་དུ་བསྒྲེངས་།
ཚན་ཞིབ་ནུས་པ་གོང་ནས་གོང་དུ་སྤེལ།
རུས་ནད་སྡེ་ཁག་དང་བུད་མེད་སྡེ་ཁག་སོགས་ནད་ཐོག་སྡེ་ཁག་6ལ་རྒྱལ་ཁབ་ཀྱི་སྨན་རྫས་ནད་ཐོག་ཚོད་ལྟའི་སྒྲིག་གཞིའི་ནུས་བབ(GSP)ཐོབ་ཅིང་། སྨན་ཁང་གི་མི་ཆོས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་ལ་འཛམ་གླིང་ཀྲུང་གོ་མཉམ་འབྲེལ་གསོ་རིག་མི་ཆོས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་འོས་ཐོབ་བདེན་དཔང་ཚད་ལོན་བྱུང་ཡོད། ནད་ཐོག་ཕན་འབྲས་མཐོར་འདེགས་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས་བོད་ལུགས་གསོ་རིག་ནད་ཐོག་ཞིབ་འཇུག་ལས་འགོ་གཉེར་ཞིང་། བོད་ལུགས་གསོ་རིག་གི་གསོ་བཅོས་ལེགས་ཆ་ལྡན་པའི་ནད་རིགས་29ཡི་བརྟག་བཅོས་ཇུས་གཞི(ཆེད་ནད་སྡེ་ཁག་གི་གསོ་བཅོས་ལེགས་ཆ་ལྡན་པའི་ནད་རིགས་ཀྱང་ཚུད་ཡོད)གཏན་འཁེལ་བྱས་ཤིང་། སྒྲིག་འཛུགས་ལག་བསྟར་བྱེད་པ་དང་ཆབས་ཅིག་ནད་ཐོག་ཕན་འབྲས་གདེང་འཇོག་གི་ལས་འགོའང་གཉེར་ཡོད། གྲིབ་སྐྱོན་དང་། མཆིན་རྒུད། མཁལ་འགྲམས་སྟོད་བྱེར་སོགས་དོས་དྲག་དང་། ཉེན་ཆེ། ནད་གཞི་ལྕི་བ་གསུམ་དང་བཅོས་དཀའི་ནད་རིགས་ཀྱི་བརྟག་བཅོས་ནུས་རྩལ་མངོན་གསལ་དོད་པོས་མཐོ་རུ་བཏང་བ་མ་ཟད། དེང་རབས་གསོ་རིག་དང་ཀྲུང་ལུགས་གསོ་རིག་སོ་སོའི་ནད་ཐོག་ཕན་འབྲས་ལས་ལེགས་པའི་ཆ་མངོན་བཞིན་ཡོད་མོད། མཆིན་ནད་དང་། ཀླད་ནད། རུས་ནད། ཕོ་རྒྱུ། དཔྱད་བཅོས། བུད་མེད་བཅས་སྡེ་ཁག་6གི་ནད་རིགས་9ཡི་བརྟག་བཅོས་ཇུས་གཞི་ལྗོངས་ནང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ནང་ཁོངས་སུ་ཁྱབ་གདལ་བེད་སྤྱོད་བཏང་ཡོད།《བོད་ལུགས་གསོ་རིག་ནད་རིགས་བརྟག་བཅོས་ཀྱི་ཚད་གཞི》ཞེས་པ་བོད་ལུགས་གསོ་རིག་དོ་དམ་ཅུས་ནས་དངོས་སུ་འགྲེམས་བསྒྲགས་བྱས་ཡོད། གྲིབ་སྐྱོན་དང་། མཆིན་རྒུད། ཕོ་བ་སྨུག་པོ། མཁལ་འགྲམས་སྟོད་བྱེར། མོ་ནད་ཁྲག་ཚབས(བུ་སྣོད་ནང་སྐྱི་རྒྱུན་གཏན་གྱི་གནས་མ་ཡིན་པའི་ནད)སོགས་གཙོ་གནད་ནད་རིགས་ཀྱི་ཞིབ་འཇུག་དཔུང་ཁག་ནི་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་ནད་ཐོག་ཞིབ་འཇུག་གི་གཟེངས་སུ་ཐོན་པའི་ཚབ་བྱེད་པར་གྱུར་ཡོད་ཅིང་། ལྗོངས་ཕྱི་ནང་དུ་ཅུང་མཐོ་བའི་རིག་གཞུང་གི་གནས་བབ་བཟུང་ཡོད། བོད་ལུགས་གསོ་རིག་གྲགས་ཅན་སྨན་པ་རྒན་རབས་ཀྱི་སྨན་ཤོག་བསྡུ་རུབ་ལེགས་སྒྲིག་གི་ལས་དོན་གཉེར་ནས་གཞི་གྲངས་ཀྱི་མཛོད་ཁུག་གསར་དུ་བཙུགས་ཡོད། གཞི་རིམ་དང་དམངས་ཁྲོད་བོད་ལུགས་སྨན་པ་དག་ལས་ཆུ་སྦྱོངས་ཀྱི་གསོ་ཐབས་དང་། ནི་རུ་ཧའི་གསོ་ཐབས། ལྟོ་སྦྱོངས་བསྟེན་ཐབས། རྩ་སྦྱོངས་བསྟེན་ཐབས་སོགས་ཀྱི་ལག་རྩལ་ནང་འདྲེན་བྱས་ཏེ་མཆིན་པའི་ཟགས་ཆུ་དང་། སྨུག་པོ་ཀླད་བྱེར། གཉན་རིམས་མཁྲིས་པ་རྩར་རྒྱུག གྲིབ་སྐྱོན། དེ་བཞིན་མངལ་མི་སྦྲུམ་པའི་ནད་སོགས་བཅོས་རྒྱུར་བེད་སྤྱོད་བྱས་ཏེ་ནད་ཐོག་ཕན་འབྲས་ཆེ་རུ་བཏང་བ་མ་ཟད་ནད་ཐོག་ཕན་འབྲས་ཀྱི་གདེང་འཇོག་ཀྱང་བྱས་ཡོད།
བོད་སྨན་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་།
བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སྨན་ཁང(སྨན་རྩིས་ཁང)གི་བོད་སྨན་ཞིབ་བཟོའི་ལས་དོན་ལ་ལོ་ངོ་320ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་སྨན་ཞིབ་བཟོའི་ལས་དོན་དེ་ཉིད་གཞི་རྒྱ་ཆུང་བའི་སྨན་སྦྱོར་སྡེབ་བཟོའི་ལས་ཀ་ནས་དེང་རབས་ཅན་གྱི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱ་ཚུལ་ལ་འཕེལ་རྒྱས་ཕྱིན་ཡོད། ལྷག་པར་དུ་བོད་ལུགས་གསོ་རིག་སྨན་ཁང་གིས་བོད་སྨན་བཟོ་གྲྭ་གསར་འཛུགས་བྱས་པའི་རྗེས་ལྗོངས་ཡོངས་ཀྱི་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཞིང་། སྔ་རྟིང་དུ་སྤང་རྒྱན་བཅུ་པའི་སྦངས་ཁུ་སོགས་བོད་སྨན་སྦྱོར་གཟུགས་དཔེ་གསར་ཁག་ལྔ་ཞིབ་བཟོ་བྱས་པ་མ་ཟད། རྒྱལ་ཁབ་སྨན་རྫས་ཀྱི་ཆོག་མཆན་ཨང་ཀི་ཐོབ་ཡོད་པ་དང་། མུ་ཏིག་བདུན་ཅུ་སོགས་སྨན་སྣ་13རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་རིགས་ཁོངས་སུ་ཚུད་ཡོད། རྒྱལ་ཁབ་རིམ་པའི་ཁེ་བེད་བདག་ཐོབ་མངའ་བའི་བོད་སྨན་བཙོ་ཐལ་ལས་སྣོན་བྱ་ཐབས་ཀྱི་ལག་རྩལ་ལྡན་ཞིང་། སྲོལ་རྒྱུན་གྱི་བོད་སྨན་སྨན་སྣ་55ཙམ་ལ་རྒྱལ་ཁབ་སྨན་རྫས་ཀྱི་ཆོག་ཨང་ཐོབ་ཡོད་པ་དང་། བོད་སྨན་གྱི་ལོ་རེའི་ཐོན་འབོར་དེ་1951ལོའི་སྤྱི་རྒྱ་250ནས་2012ལོའི་ཏུན་94བར་འཕར་སྣོན་བྱུང་ཡོད། སྨན་ཁང་དེའི་ཁོངས་སུ་གཏོགས་པའི་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ཁང་དེ་2012ལོ་ནས་འགོ་བཙུགས་ཏེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སུ་ལུགས་བསྒྱུར་བྱས་ཤིང་། སྔ་རྗེས་སུ་རྒྱལ་ཡོངས་བོད་སྨན་ཐོན་སྐྱེད་ཀྱི་སྣེ་འདྲེན་ཁེ་ལས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་སྐྱེད་སྲིང་བྱས་པ་དང་། “བདུད་རྩི་བོད་སྨན་”ཞེས་པའི་ཀྲུང་གོའི་གྲགས་ཅན་ཚོང་རྟགས་བཏོད་ཅིང་། ལྗོངས་ཡོངས་ཀྱི་ཁེ་བེད་བདག་ཐོབ་བཙོ་ཐལ་གྱི་ཆེད་ཁེ་གསར་དུ་བཏོད་པ་དང་། ལྗོངས་ཡོངས་ཀྱི་བོད་སྨན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ལམ་ལུགས་བསྒྱུར་རྗེས་སྨན་ཁང་གིས་དེ་སྔའི་བོད་སྨན་བཟོ་གྲྭའི་གནས་ཡུལ་དུ་རང་ངོས་ཀྱི་སྨན་སྦྱོར་ལྟེ་གནས་གསར་འཛུགས་བྱས་ཤིང་། ལོ་དེ་གར་སྨན་སྦྱོར་ཐོན་རྫས་175ཙམ་དང་སྨན་སྣ་109ཙམ་སྦྱོར་བཟོ་བྱེད་པ་དང་། བོད་སྨན་ཏུན་40ཙམ་ཟིན་ནས་ནད་ཐོག་སྨན་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱུང་བ་དང་། ནད་ཐོག་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད།
གསོ་རིག་རིག་གནས་འཛུགས་སྐྲུན་ཧུར་ཐག་བྱེད།
ད་ལྟའི་ཆར་སྨན་ཁང་དེར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ནས་མིང་ཐོབ་བསྩལ་ བའི་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་རིག་གནས་ཚན་རྩལ་གྱི་ཤེས་བྱ་ཁྱབ་གདལ་ དང་དྲིལ་བསྒྲགས་བྱེད་མཁན་ཆེད་ལས་མཁས་དབང་མི་4དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མི2ལྗོངས་རིམ་ པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མི་9ཡོད་པ་དེའི་ཁོངས་སུ་གནམ་ རིག་སྐར་རྩིས་དང་། བོད་སྨན་འདུལ་སྦྱོང་། སྨན་རྩིས་ཁང་།(མིང་བྱང་རྙིང་གྲས)སྨན་ཐང་། བདུད་རྩི་སྨན་སྒྲུབ་སོགས་ཕྱོགས་མང་པོ་ཚུད་ཡོད། 2013ལོར་སྨན་རྩིས་ཁང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བསྩལ་བའི་ཐེངས་བདུན་པའི་ རིག་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 2015ལོར་སྨན་ཁང་གདན་རབས་ལོ་རྒྱུས་ཁང་དུ་ཉར་ཚགས་བྱས་པའི་རྒྱུད་བཞི་གསེར་ བྲིས་མ(དུས་རབས་16ནས་18བར་གྱི་ཤིང་པར)དེ་ཉིད་ཀྲུང་གོའི་ཡིག་ཚགས་དཔྱད་དཔེའི་ ཤུལ་བཞག་གི་རྒྱལ་ཁབ་རིམ་པའི་མིང་གཞུང་ནང་དངོས་སུ་ཚུད་པ་་དང་། 2015ལོར《གངས་ལྗོངས་གསོ་རིག》(བོད་ཡིག)དུས་དེབ་ལ་རྒྱལ་ཁབ་གསར་འགྱུར་དཔེ་ སྐྲུན་སྤྱི་ཁྱབ་ཅུས་ཀྱི་དུས་དེབ་ཨང་རྟགས་་ཐོབ་ཡོད། གཞན་ཡང་། “ལོ་ལྔ་ཚན་བཅུ་གསུམ་པར”སྨན་རྩིས་ཁང་གི་གསོ་རིག་དངོས་མང་བཤམས་སྟོན་ཁང་གསར་ སྐྲུན་གྱི་འཛུགས་སྐྲུན་རྣམ་གྲངས་བཟོ་སྒྲིག་དང་སྙན་ཞུ་ཕུལ་ཞིང་། རྒྱལ་ཁབ་ནས་མ་དངུལ་འདོན་འཇོག་བྱ་རྒྱུའི་ཆོག་མཆན་གནང་ངེས་ཀྱི་རེ་བས་ཁེངས་ བཞིན་མཆིས་སོ།
སྨན་བཅོས་ཁོར་ཡུག་ལེགས་བཅོས་ཐབས་ལ་འབད།
2009ལོར་སྨན་རྩིས་ཁང་འཛུགས་སྐྲུན་རྒྱ་བསྐྱེད་ཀྱི་རྣམ་གྲངས་འགོ་བཙུགས་ཚུན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚད་མཐོའི་གཟིགས་སྐྱོང་འོག་མཆིན་ནད་སྡེ་ཁག་གི་ཐོག་བརྩེགས་ཁང་དང་། ཁོང་ནད་སྡེ་ཁག་གི་ཐོག་བརྩེགས་ཁང་། ཕྱོགས་བསྡུས་ཐོག་བརྩེགས་ཁང་། ནད་ཐོག་ཞིབ་འཇུག་ལྟེ་གནས་བཅས་ནི་2014ལོ་ནས་དངོས་སུ་བཀོལ་སྤྱོད་བྱེད་འགོ་ཚུགས་ཤིང་། 2015ལོར་ལས་གྲྭ་འགོ་འཛུགས་ཀྱིས་བྱང་ངོས་ཀྱི་ནད་སྡོད་ཐོག་ཁང་འཛུགས་སྐྲུན་བྱས་པ་དང་། གསར་དུ་སྐྲུན་པའི་མཐོ་གནོན་གསོ་རླུང་ཁང་དང་། མིག་ནད་སྡེ་ཁག་གི་ལྟེ་གནས། རྨང་གཞིའི་ཞིབ་འཇུག་གི་ཕྱོགས་བསྡུས་ཐོག་ཁང་། དེ་བཞིན་སྨན་ལུམས་ལྟེ་གནས་ཀྱི་སྒྱུར་བཅོས་རྣམ་གྲངས་བཅས་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་ཆེ་མོའི་རྣམ་གྲངས་ཀྱི་ཁོངས་སུ་བཅུག་སྟེ་འཛུགས་སྐྲུན་ལས་གྲྭ་འགོ་ཚུགས་ཟིན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.6འདོན་སྤྲོད་བྱས་པའི་འཛུགས་སྐྲུན་རྒྱ་བསྐྱེད་ཀྱི་རྣམ་གྲངས་ལག་བསྟར་ལ་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཚོའི་ཚད་མཐོའི་བསྔགས་བརྗོད་ཐོབ་ཅིང་། རྒྱ་ཆེའི་མང་ཚོགས་ཚོར་ཁྱད་དུ་འཕགས་པའི་སྨན་བཅོས་དང་སྨན་པ་བསྟེན་པའི་ཆ་རྐྱེན་དེ་བརྒྱུད། ཏང་དང་སྲིད་གཞུང་གིས་བསྩལ་བའི་བླ་ན་མེད་པའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།
བོད་སྨན་གསར་སྤེལ་བཀོལ་སྤྱོད་རྣམ་པ་བཟང་།
བོད་ལུགས་སྨན་རྒྱུ་ཚད་ལྡན་ཅན་གྱི་རིམ་པ་མཐོ་པོ་མེད་པ་ནི་སྔར་ནས་ད་བར་བོད་སྨན་ཐོན་རྫས་དག་གནས་འཕར་གྱིས་རིམ་ཁག་ཁྲོམ་རར་བསྐྱོད་པར་འགོག་རྐྱེན་བཟོ་མཁན་གྱི་འཇུར་མིག་ཡིན་ལ། ཀྲུང་ལུགས་སྨན་རྒྱུ་ཕུད་མི་རིགས་གསོ་རིག་སོ་སོའི་འཕེལ་རྒྱས་ལ་འཕྲད་བཞིན་པའི་ཐུན་མོང་གི་གནད་དོན་ཞིག་ཀྱང་ཡིན། གསོ་རིག་ཞིབ་འཇུག་གླིང་གིས་2002ལོ་ནས་བཟུང་བོད་ལུགས་སྨན་རྒྱུའི་སྤུས་ཚད་ཚད་གཞི་གཏན་འཁེལ་བཟོ་བའི་ཞིབ་འཇུག་ལས་དོན་མ་ལག་བཙུགས་ཤིང་། 2006ལོར་བོད་ལུགས་སྨན་རྒྱུའི་སྤུས་ཚད་ཚད་ལྡན་ཅན་གྱི་ཞིབ་འཇུག་ལས་དོན་དངོས་སུ་གཉེར་ཏེ་སྔ་རྟིང་དུ་བོད་ལུགས་སྨན་རྒྱུ་150ཙམ་ལ་ཉེ་བའི་སྤུས་ཚད་ཚད་ལྡན་གྱི་ཞིབ་འཇུག་ལེགས་སྒྲུབ་བྱས་ཤིང་། དེའི་ནང་སྨན་རྒྱུ་འགའ་རེའི་སྤུས་ཚད་ཚད་གཞི་ནི་དངོས་སུ་ཁྲིམས་ལུགས་ཀྱི་ཕན་འབྲས་ལྡན་པའི་ས་གནས་རང་བཞིན་གྱི་ཚད་གཞིར་གྱུར་ཟིན་པ་དང་། བོད་སྨན་ཐོན་རྫས་གསར་པའི་སྔོག་སྤེལ་དང་བོད་སྨན་ཐོན་རྫས་ཀྱི་སྤུས་ཚད་གོང་མཐོར་འགྲོ་རྒྱུར་ཡིད་རྟོན་རུང་བའི་གཞི་གྲངས་མཁོ་འདོན་བྱས་ཡོད། 2005ལོར་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3700ཙམ་གྱི་སར་ཐེངས་དང་པོར་སྲོག་ཆགས་ཚོད་ལྟའི་ཁང་གི་ལྟེ་གནས་གསར་འཛུགས་བྱས་པ་མ་ཟད། བོད་སྨན་གྲུབ་མ་ལྔའི་བདེ་འཇགས་རང་བཞིན་གྱི་གདེང་འཇོག་ཞིབ་འཇུག་དང་བོད་ལུགས་གསོ་རིག་གིས་ས་མཐོའི་ཁྲག་འཕེལ་ནད་སོགས་བཅོས་པའི་ཞིབ་འཇུག་ལས་དོན་གཉེར་ཞིང་། གསར་གཏོད་རང་བཞིན་གྱི་སྒོ་ནས་བོད་སྨན་སྨན་ནུས་རིག་པ་དང་དུག་ཤེད་རིག་པའི་ཐད་ཀྱི་ཞིབ་འཇུག་ལས་འགོ་གཉེར་བ་དང་། སྨན་གསར་ཞིབ་འཇུག་ལས་དོན་དང་སྲོལ་རྒྱུན་སྨན་ཤོག་ལེགས་འདེམས་གདེང་འཇོག་སོགས་ཀྱི་ལས་དོན་འབོར་ཆེན་ཞིག་ལས་གཉེར་བྱས་པ་བཅས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། སྤང་རྒྱན་བཅུ་པའི་སྦངས་ཁུ་དང་ཞི་བྱེད་དྲུག་པའི་སྤྱིན་ཐུམ་སོགས་ཚང་མ་ལྗོངས་ནང་ཁུལ་བོད་སྨན་ཐོན་ལས་ཀྱི་གཙོ་བོའི་ཐོན་རྫས་ཤིག་ཏུ་གྱུར་ཡོད།
སྨན་ཁང་དོ་དམ་ཆུ་ཚད་གོང་མཐོར་འདེགས།
2014ལོར་སྨན་ཁང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་ནས་བཟུང་། དེང་རབས་ཚན་རྩལ་གྱི་རོགས་དན་འོག་གསར་བཏོད་ཀྱི་བློ་སྤོབས་རྒྱས་ཏེ་ཆ་འཕྲིན་རྒྱུད་ཁོངས་ཀྱི་དོ་དམ་དེ་ནད་ཐོག་དང་། སྨན་སྤྲོད་ཁང་། བསྡོམས་རྩིས། ནད་པའི་ཡིག་ཚགས། ནོར་སྲིད། སྲིད་འཛིན་གཞུང་ལས་སོགས་སྨན་ཁང་གི་ཁྱབ་ཁོངས་ཁག་ལ་རྦད་དེ་ཁེབས་པར་བྱས་ཏེ་སྨན་བཅོས་ལས་དོན་དང་། སྲིད་འཛིན་རྒྱབ་ཕྱོགས་སོགས་ཕྱོགས་སོ་སོའི་དོ་དམ་ཐད་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། 2015ལོར་རྒྱལ་ཁབ་ནས་སྒྲིག་འཛུགས་བྱས་པའི་སྨན་ཁང་ཆེ་གྲས་ཀྱི་སྐོར་བསྐྱོད་རྟོག་ཞིབ་ཀྱི་ཚུར་སྣང་ལན་ཆའི་བསམ་འཆར་ཁྲོད། ཆེད་ལས་མཁས་དབང་ཚོགས་པ་ནས་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཆ་འཕྲིན་ཅན་གྱི་གོམ་སྟབས་སྤོ་བསྒྱུར་བྱས་ཤིང་། རྒྱལ་ཡོངས་མི་རིགས་གསོ་རིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་མདུན་གྲལ་དུ་སླེབས་འདུག་ཅེས་པའི་གདེང་འཇོག་གནང་ཡོད།
སྨན་རྒྱུའི་འདེབས་འཛུགས་རྟེན་གཞི་འབད་པས་སྐྲུན།
ཀྲུང(བོད)ལུགས་གསོ་རིག་གི་སྨན་རྒྱུའི་ཐོན་ཁུངས་ཞིབ་བཤེར་དང་རྩ་སྟོངས་འགྲོ་ཉེན་ཆེ་བའི་སྨན་རྒྱུ་དག་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་དེ་འགག་སྒྲོལ་རང་བཞིན་གྱི་འཕེལ་རིམ་ཞིག་ཏུ་སླེབས་ཡོད་པ། རང་ལྗོངས་ཀྱི་རྫོང་ཁག་24ཡི་སྨན་རྒྱུའི་ཐོན་ཁུངས་ཞིབ་བཤེར་གྱི་ལས་འགན་ལེགས་གྲུབ་ཟིན་པས་རྒྱུ་ཆ་ཨང་དང་པོ་ཁོང་དུ་ཆུད་པ་དང་། སྨན་རྩིས་ཁང་གི་མི་རབས་འགས་རྒྱུན་ཆད་མེད་པའི་འབད་བརྩོན་དང་བླ་ན་མེད་པའི་ལེགས་སྐྱེས་ཕུལ་བ་བརྒྱུད། ས་ཁྱོན་སྨི་ངོས་གྲུ་112723ཟིན་པའི་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རྩ་སྟོངས་འགྲོ་ཉེན་ཆེ་བའི་སྨན་རྒྱུ་དག་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་གི་རྟེན་གཞི་དེ་བཞིན་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཆེད་ལས་ཀྱི་མི་ཐབས་ལ་བརྟེན་པའི་བོད་སྨན་སྨན་རྒྱུ་འདེབས་འཛུགས་ལག་རྩལ་གྱི་ཞིབ་འཇུག་རྟེན་གཞིར་གྱུར་ཡོད།
གནམ་རིག་སྐར་རྩིས་ཞིབ་འཇུག་གཏིང་ཟབ་བྱེད།
གནམ་རིག་སྐར་རྩིས་ཞིབ་འཇུག་ལ་གྲུབ་འབྲས་གཟེངས་སུ་ཐོབ་པ་ཐོན་ཡོད་ཅིང་། བོད་ཀྱི་གནམ་རིག་སྐར་རྩིས་རིག་པ་ནི་རང་ས་རང་ཁོངས་ནས་དར་ཞིང་འཕེལ་རྒྱས་སུ་སོང་བའི་རང་བྱུང་ཚན་རིག་གཅིག་ཡིན་པའི་ཆ་ནས་རང་ངོས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་ཞིབ་འཇུག་ཁྱབ་ཁོངས་ཅུང་གཞི་རྒྱ་ཆེ་བ་སྟེ། དེའི་ཁོངས་སུ་གཟའ་ལྔའི་བགྲོད་པའི་རྩིས་རྒྱག་དང་། ཟླ་ལྷག་དང་ཚེས་གྲངས་ཆད་ལྷག་གི་འདོན་ཚུལ། ཉི་ཟླ་གཟའ་འཛིན་གྱི་སྔོན་བརྡ་སོགས་ཚུད་པ་མ་ཟད། ད་དུང་གནམ་རིག་སྐར་རྩིས་རིག་པའི་རིག་འགྲོས་སམ་ལམ་སྟོན་ལ་བརྟེན་ནས་ས་གནས་སོ་སོའི་ཞིང་འབྲོག་སོ་ནམ་གྱི་དུས་ཚོད་གཏན་འཁེལ་བྱེད་པ་དང་། བར་སྣང་བྱ་ཡི་སྐད་ལ་བརྟག་ཅིང་། དུས་མི་འགྱུར་བའི་གཟེར་ལ་བརྟག་པ་དང་། དུས་བཞི་ཁམས་ལྔའི་རྩ་ཡི་འགྱུར་བའི་ཆོས་ཉིད་ལ་བརྟག་པ། ལྷག་པར་དུ་གནམ་གཤིས་སྔོན་བརྡ་རིང་ཐུང་འབྲིང་གསུམ་སོགས་ཀྱང་ཚུད་ཡོད། བོད་ལྗོངས་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡིས་ལོ་རེ་བཞིན་བོད་ཀྱི་ལོ་ཐོ་རྩིས་རྒྱག་དང་རྩོམ་སྒྲིག་བྱས་དང་བྱེད་མུས་ལགས་པ་དེ་ནི་མི་དམངས་ཀྱི་འཚོ་བ་དང་། ཞིང་འབྲོག་སོ་ནམ་བྱ་གཞག་ཁྲོད་ཅུང་ཚད་མཐོའི་དངོས་བཀོལ་རིན་ཐང་དང་དཔྱད་གཞིའི་རིན་ཐང་ཆེ་ཞིང་། དེ་ནི་བོད་ལྗོངས་ཀྱི་འགྲེམས་སྤེལ་གྲངས་འབོར་ཆེས་མང་ཤོས་ཀྱི་དཔེ་དེབ་གྲས་ཤིག་ཡིན། དེ་དང་དུས་མཚུངས་རྣམ་གྲངས་ལེགས་སྒྲིག་དང་རྩོམ་སྒྲིག་གི་འགན་འཁུར་དཔེ་སྐྲུན་བྱས་པའི《བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་རྨང་གཞིའི་ཤེས་བྱ》དང་། 《གསར་དུ་བསྒྲིགས་པའི་རབ་བྱུང་བཅུ་བདུན་པའི་རྩིས་འགོ་རིགས་ལྡན་སྙིང་ཐིག》 《བོད་ཀྱི་བསྐལ་འཁོར་ལོ་ཐོ》 《རྩིས་གཞུང་པད་དཀར་ཞལ་ལུང》 《བོད་གནའ་རབས་སྐར་རྩིས་ཀྱི་མྱོང་བྱང་ཕྱོགས་བསྒྲིགས》 《མཁས་དབང་མཁྱེན་རབ་ནོར་བུ་དང་བོད་ཀྱི་གནམ་རིག་སྐར་རྩིས་རིག་པ》སོགས་ནི་བོད་ཀྱི་ལོ་ཐོ་རྒྱུན་མཐུད་ཀྱིས་འཕེལ་རྒྱས་དང་ཁྱབ་གདལ་གཏོང་རྒྱུར་བྱེད་ནུས་འགངས་ཆེན་ལྡན་ཡོད།
གནའ་དཔེ་ཞིབ་འཇུག་ལས་ལ་འབྲས་བཟང་སྨིན།
2015ལོའི་བར་དུ་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་གིས་བོད་ལུགས་གསོ་རིག་གནའ་དཔེ་ཁག་མི་འདྲ་བ་800ལྷག་ཙམ་དང་ཤོག་དྲིལ་300ཙམ་མྱུར་སྐྱོབ་བཙལ་འཚོལ་དང་ལེགས་སྒྲིག་གིས་རིག་གཞུང་གི་རིན་ཐང་ཅུང་མཐོ་བའི་བོད་ལུགས་གསོ་རིག་གི་དཔྱད་དཔེ་100ལྷག་ཙམ་རྩོམ་སྒྲིག་བྱས་པ་དང་། བོད་ལུགས་གསོ་རིག་གི་རིག་གནས་སྣ་གྲངས་9ཙམ་སྔོག་འདོན་དང་བསྐྱར་གསོ་བྱས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་30ཙམ་གྱི་སྙན་འབུལ་དང་འགན་འཁྲི་འཁུར་ཡོད། 2014ལོའི་སྐབས་དང་པོའི་མི་རིགས་གསོ་རིག་ཚན་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཐོག《གསོ་རིག་རྒྱུད་བཞིའི་ཚོན་ཁྲ་ཅན་གྱི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང》བོད་རྒྱ་དབྱིན་ཡིག་གསུམ་ལྡན་གྱི་པར་གཞིར་མི་རིགས་གསོ་རིག་འཛིན་སྤེལ་ལེགས་སྐྱེས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་ཅིང་། 《བོད་ལུགས་གསོ་རིག་མན་ངག་སྨན་སྦྱོར་ལེགས་སྒྲིག་དང་བསྡུ་རུབ་ཀྱི་ཞིབ་འཇུག》སོགས་རྣམ་གྲངས་གསུམ་ལ་མི་རིགས་གསོ་རིག་འཛིན་སྤེལ་ལེགས་སྐྱེས་ཀྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་དང་། 《ཀྲུང་ཧྭ་སྔོ་འབུམ་ལས་བོད་ལུགས་སྔོ་སྨན》བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་པར་གཞི་སོགས་རྣམ་གྲངས་3ལ་རིག་གཞུང་བརྩམས་ཆོས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། 《གཏེར་དངོས་སྨན་རྫས་ཀྱི་སྟབས་བདེའི་དབྱེ་འབྱེད་ལག་དེབ》སོགས་རྣམ་གྲངས་3ལ་རིག་གཞུང་བརྩམས་ཆོས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། 《མཆིན་ནད་སྦྱོངས་དཔྱད་ལག་ལེན་ཚད་ལྡན་བཀོལ་སྤྱོད》ཅེས་པར་རིག་གཞུང་བརྩམས་ཆོས་ཀྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད།
འགན་འཁུར་རྩོམ་སྒྲིག་པ། 米玛
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣