དབུ་ཤོག>བོད་ལུགས་གསོ་རིག
  • མི་སེར་ཚོར་ཕན་པའི “ཉན་བརྟག་ཡོ་བྱད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2016-09-04

    “ད་ཆ་ཁྱིམ་གྱི་སྒོ་འགྲམ་ནས་ནད་གཞི་ལྟ་ཐུབ་ལ་སྨན་ཡང་ལེན་ཐུབ། ཆམ་ནད་ལྟ་བུ་སྡེ་ཁུལ་འཕྲོད་བསྟེན་ཁང་ནས་སྨན་བཅོས་ཐུབ་སྟེ་སྨན་ཁང་ཆེན་པོར་འགྲོ་བའི་དཀའ་གནད་བསལ་ཏེ་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དན་བག་སྡེ་ཁུལ་ཨུ་ལྷན་འཕྲོད་བསྟེན་ཁང་དུ་སྨན་ལེན་བཞིན་པའི་བགྲེས་སོང་ལྷག་པ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་དེ་ལྟར་བརྗོད།

    ད་ཆ“ནད་གཞི་ཆུང་གྲས་རྫོང་ནས་བཅོས་པ་དང་། རྒྱུན་ཐོན་ནད་དང་ཕོག་སླ་བའི་ནད་གཞི་གྲོང་ཁྱེར་ནས་བཅོས་པ། ནད་གཞི་ཆེ་གྲས་བོད་ནས་བཅོས་པ”བཅས་དང་། མི་སེར་ཚོར་ནད་གཞི་ཕོག་ཚེ། “ག་དུས་ཡིན་རུང་ལྟ་ཐུབ་པ་དང་། ཐག་ཉེ་སར་ལྟ་བ། ཡག་པོ་ལྟ་བ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་ལྗོངས་ཡོངས་ཀྱི་སྔོན་དུ་རིམ་དབྱེའི་སྨན་བཅོས་ཚོད་ལྟའི་ལས་དོན་སྤེལ་ནས་ཟླ་བདུན་པར་གྲོང་ཁྱེར་དེའི་རྫོང(ཆུས)ཁག་ཏུ་ཁྱབ་གདལ་བཏང་བ་རེད།

    སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ།

    ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་བདེ་སྐྱིད་ཀྱིས“འདི་ལོའི་ལོ་སྟོད་དུ་2015ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་གཞི་རྩའི་སྨན་རྫས‘རིན་གོང་གི་ཁྱད་པར་མེད་པའི’ཕྱིར་འཚོང་ཁ་གསབ་མ་དངུལ་སྒོར་ཁྲི་711སྤྲད་པ་དང་། 2015ལོ་འཁོར་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་གཞི་རྩའི་སྨན་རྫས‘རིན་གོང་གི་ཁྱད་པར་མེད་པའི’ཁ་གསབ་མ་དངུལ་སྒོར་ཁྲི་900ཙམ་སྤྲད་ཡོད”ཅེས་བརྗོད་པ་རེད།

    དེས་མ་ཚད་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་ད་དུང་ཞིང་འབྲོག་པར“སྔོན་དུ་སྨན་བཅོས་དང་རྗེས་ལ་རྩིས་རྒྱག་པའི”ལས་དོན་མུ་མཐུད་སྲ་བརྟན་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་མ་དངུལ་གྲབས་གསོག་ལས་དོན་ཧུར་ཐག་བསྒྲུབས་ཏེ་མི་རེས་ཆ་སྙོམས་མ་དངུལ་གྲབས་གསོག་བྱེད་ཚད་སྒོར་30ལས་མི་ཉུང་བ་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་ལམ་ལུགས་100%ལ་ཁྱབ་པ་དང་སྲིད་གཞུང་གིས་ལོར་མི་རེར་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་435བར་མཐོ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་མ་བརྟན་པོ་བཏང་བ།

    ད་ལོར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཀྱི་སྐུལ་སྤེལ་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཞིང་། “རྫོང་ཁོངས་ཀྱི་སྨན་བཅོས་བྱེད་ཚད་85%ཟིན་པ་དང་སྤྱིར་རྒྱུན་ཐོན་ནད་དང་ཐོན་མང་བའི་ནད་དག་རྫོང་ཁོངས་ནས་བཅོས་པའི”དམིགས་ཚད་ལ་དམ་པོར་གཞིགས་ཏེ། རིམ་ཁག་སྲིད་གཞུང་གི་མ་འཇོག་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་བ་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་ལ་འབྲེལ་གཏུག་ཧུར་ཐག་བྱས་པ། རྫོང་རིམ་པའི་སྨན་ཁང་གི་ཤེས་ལྡན་པ་དང་། ལག་རྩལ། གཙོ་གནད་ཆེད་ཚན་བཅས་སྲོག་ཤིང་དུ་བྱས་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། སྨན་ཁང་དོ་དམ་ཁྲིམས་ལུགས་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན། ཞིབ་ཚགས་ཅན། ཆ་འཕྲིན་ཅན་བཅས་མངོན་འགྱུར་བྱས་པ། རིམ་དབྱེའི་སྨན་བཅོས་ལག་བསྟར་དང་འཚོལ་ཞིབ། སྨན་ཁང་གི་ལས་རྗེས་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་གཞུང་བཙུགས་སྨན་ཁང་གི་ཞབས་ཞུའི་ནུས་པ་དང་ལག་རྩལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་བཅས་ལ། རྒྱལ་ཁབ་ཀྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ལས་དོན་ཕྱོཌ་བསྡུས་བསྐྱར་ཞིབ་ལས་དོན་ཚོགས་ཆུང་གི་ཁས་ལེན་གང་ལེགས་ཐོབ་པ་རེད།

    རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ལྟར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ལོ་གསུམ་ཀ་པ་རིམ་པ་གཏོད་པའི”ལས་ཀ་སྒྲུབ་འགོ་བརྩམས་ཤིང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་ད་དུང་སྨན་ཁང་རིམ་པ་དཔྱད་ཞིབ་ཀྱི་འཕེལ་རིམ་ལ་ཤུགས་སྣོན་བརྒྱབ་ནས་སྟག་རྩེ་དང་། སྟོད་ལུང་། འདམ་གཞུང་། སྙེ་མོ། ཆུ་ཤུར་བཅས་རྫོང(ཆུས)ལྔའི་སྨན་ཁང་གི“ཁ་པ་རིམ་པ་གཉིས་པའི་སྨན་ཁང”གཏོད་རྒྱུ་ཁ་གསལ་བཟོས་ཏེ་རྫོང་རིམ་པའི་སྨན་ཁང་ས་ཁོངས་ཀྱི་སྣེ་འདྲེན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

    འཆར་ལྡན་བུ་བཙའ་དང་ལེགས་བཙའ་ལེགས་གསོའི་ལས་དོན་དོན་འཁྱོལ་བྱས་པ།

    ད་ལོར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་རྒྱལ་ཁབ་ཀྱི་མངལ་མ་ཆགས་གོང་གི་ལེགས་བཙའ་བདེ་ཐང་གི་རིན་མེད་བརྟག་དཔྱད་རྣམ་གྲངས་ལས་དོན་དང་བུ་བཙའ་དབང་སྐྱོན་སྔོན་འགོག་རྣམ་གྲངས་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཞིང་། མིག་སྔར་རྫོང(ཆུས)ཁག་གིས་མངལ་མ་ཆགས་གོང་གི་ལེགས་བཙའ་བདེ་ཐང་རྣམ་གྲངས་ཀྱི་རིན་མེད་བརྟག་དཔྱད་220བྱས་པ་དང་། བུ་བཙའ་དབང་སྐྱོན་གྱི་རིམ་པ་དང་པོའི་སྔོན་འགོག་རྣམ་གྲངས་ནང་190ལ་བརྟག་དཔྱད་བྱས་ཡོད། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་ད་དུང་ཁྲེང་ཀོན་ཆུས་ཀྱི་གླིང་ཕྲན་གཉིས་དང་། བར་སྐོར། ཀུན་བདེ་གླིང་སོགས་ཁྲོམ་གཞུང་དུ་ཕྱོགས་མིའི་འཆར་ལྡན་བུ་བཙའ་མཐུན་ཚོགས་བཙུགས་ཏེ་དམངས་ཕན་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཁྲེང་ཀོན་ཆུས་ཀྱི་གླིང་གཉིས་སྡེ་ཁུལ་ལ་རེས་འཁོར་གཉིས་པའི་རྒྱལ་ཡོངས་ཕྱོགས་མིའི་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱི་དཔེ་སྟོན་བྱ་ཡུལ་རེ་འདུན་ཞུས་ཏེ་གཏོགས་ཁོངས་དོ་དམ་གྱི་རྩ་དོན་ལྟར་ཁྱིམ་ཚང་དཀའ་ངལ་ཆེ་བའི་ཕྱོགས་མི་38ལ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

    བུ་བཙར་དོ་ཁུར་དང་ཞབས་ཞུ་སྒྲུབ་རིང་རང་མོས་མཉམ་ཞུགས་ཀྱི་རྩ་དོན་ལྟར་ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཁང་གིས་ཕྱོགས་མིའི་བཙའ་ལོ་རན་པའི་ཁྱོ་ཤུག་རྣམས་2016ལོ་འཁོར་གྱི་མངལ་མ་ཆགས་གོང་གི་ལེགས་བཙའ་བདེ་ཐང་གི་རིན་མེད་བརྟག་དཔྱད་དང་བུ་བཙའ་དབང་སྐྱོན་རིམ་པ་དང་པོའི་སྔོན་འགོག་རྣམ་གྲངས་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད། ཁེ་དབང་སྲུང་སྐྱོང་གི་ལྟ་སྐུལ་ཁ་པར་9ཡོངས་བསྒྲགས་བྱས་པ་མ་ཟད། ཞིང་ཆེན་དང་ས་ཁུལ་བརྒལ་བའི་ཕྱོགས་མིར《ཕྱོགས་མིའི་གཉེན་སྒྲིག་བུ་བཙའི་ལག་ཁྱེར》ལས་སྒྲུབ་སྐུལ་འདེད་ཀྱི་བརྡ་ཐོ་3523སྤྲད་ཅིང་། རིམ་རྩིས་བྱས་ན་ལྟ་སྐུལ་སྒྲུབ་གཉེར་ཐེངས་89ལ་མི་3500ཟིན་པ་མ་ཟད། ནང་སའི་འཕྲོད་བསྟེན་འཆར་ལྡན་བུ་བཙའ་སྡེ་ཚན་ལ་མཐུན་སྦྱོར་གྱིས་ཕྱོགས་མིའི་ཕྲུ་གུ་གཅིག་སྐྱེ་བའི་རེ་ཞུ་སོགས་དོན་དག་སྒྲུབ་གཉེར་ཡང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།