དབུ་ཤོག>བོད་ལུགས་གསོ་རིག
  • སྨན་རྩིས་ཁང་གི་ལོ་བརྒྱའི་སྨན་རྩིས་རིག་གནས་འགྲེམས་སྟོན་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-04

    01.jpg

    འདི་ནི་སྨན་རྩིས་ཁང་གི་ལོ་བརྒྱའི་སྨན་རྩིས་རིག་གནས་འགྲེམས་སྟོན་བྱེད་སྒོ་ཡིན་པ།

    ཟླ་8ཚེས་31ཉིན་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་མུ་འབྲེལ་བྱེད་སྒོ་ཆེ་གྲས། སྨན་རྩིས་ཁང་གི་ལོ་བརྒྱའི་སྨན་རྩིས་རིག་གནས་འགྲེམས་སྟོན་ཞེས་པའི་བྱེད་སྒོ་དེ་སྤེལ་ཡོད། བྱེད་སྒོ་འདི་ནི་ལྗོངས་རིག་གནས་ཐིང་དང་ལྗོངས་སྨན་རྩིས་ཁང་གིས་གཙོ་གཉེར་བྱས་པ་དང་།  ལྗོངས་སྨན་རྩིས་ཁང་སྨན་སྦྱོར་ལྟེ་གནས་དང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། ལྗོངས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་རོགས་གཉེར་བྱས་ཡོད། བྱེད་སྒོ་འདི་ནི་ཟླ་8ཚེས་31ནས་ཟླ་9ཚེས་3ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད།

    05.jpg

    འདི་ནི་བྱེད་སྒོའི་ཐོག་ཕེབས་པའི་སྨན་རྩིས་ཁང་གི་མཁས་དབང་རྣམས་ཡིན་པ།

    འགྲེམས་སྟོན་ཐོག་རྒྱུན་འཛིན་པ་20ལྷག་གིས་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་།  རྩ་ཆེའི་རིག་དངོས་300ལྷག་བཤམས་པ།   ལོ་རྒྱུས་ཀྱི་པར་རིས་1000ལྷག་འགྲེམས་པ།   ཡིག་འབྲུ་ཁྲི་20ལྷག་གིས་གྲུབ་འབྲས་ངོ་སྤྲོད་བྱས་པ། སྨན་རྒྱུ་200ལྷག་དང་བོད་སྨན་རིགས་100ལྷག་བཅས་འགྲེམས་སྟོན་བྱས་པ།  ལོ་བརྒྱའི་རིང་གི་གཟེངས་བསྟོད་སྣ་ཚོགས། སྐར་མ་བཅོ་ལྔའི་བརྙན་ཐུང་བཅས་ཀྱི་རྣམ་པའི་ཐོག་ནས་སྨན་རྩིས་ཁང་གི་ལོ་བརྒྱའི་སྨན་རྩིས་རིག་གནས་ཀྱི་འཕེལ་རྒྱས་ལམ་བུ་མི་རྣམས་ཀྱི་མིག་མདུན་དུ་བཤམས་ཡོད། ད་ཐེངས་ཀྱི་བྱེད་སྒོ་འདིས་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་ལུགས་མཚོན་ཡོད་ལ། སྨན་རྩིས་ཁང་གི་ལོ་བརྒྱའི་རིག་གནས་ལ་མྱོང་རོལ་དང་ཤེས་རྟོགས་ཐུབ་པ། དངོས་མིན་རིག་གནས་ཤུལ་བཞག་ཏུ་ཚུད་པའི་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དར་སྤེལ་བྱས་ཡོད་པ། དེས་མ་ཟད། ད་ཐེངས་ཀྱི་འགྲེམས་སྟོན་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཐུགས་ཁུར་རོགས་རམ་འོག  བོད་ལུགས་གསོ་རིག་མི་རབས་འགའ་ཤས་ཀྱི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།  བོད་ལུགས་གསོ་རིག་རིག་གནས་དེར་སྲུང་སྐྱོང་རྒྱུན་འཛིན་དང་། སློབ་གསོ་འཕེལ་རྒྱས། ཞིབ་འཇུག་གསར་གཏོད། དར་སྤེལ་ཁྱབ་བསྒྲགས་བཅས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་མངོན་ཐུབ།

    02.jpg

    འདི་ནི་སྨན་རྩིས་ཁང་གི་རིག་གནས་ངོ་སྤྲོད་བྱེད་བཞིན་ཡོད་པ།

    ད་ཐེངས་ཀྱི་འགྲེམས་སྟོན་ཐོག་སྨན་རྩིས་ཁང་གིས་ཕྱོགས་ཡོངས་ནས་སྨན་བཅོས་དང་། སློབ་གསོ། ཚན་རིག་ཞིབ་འཇུག་སོགས་ཀྱི་ཐད་ལ་གྲུབ་འབྲས་གང་ལེགས་ཐོབ་པ་མངོན་ཡོད།   

    04.jpg

    འདི་ནི་འགྲེམས་སྟོན་ཐོག་བཤམས་པའི་སྨན་རྩིས་ཁང་གི་སྨན་སྒྲུབ་དཀྱིལ་འཁོར་ཡིན་པ།

    བོད་ལུགས་གསོ་རིག་གི་མངོན་མིན་རིག་གནས་ཤུལ་བཞག་ནང་སྨན་རྩིས་ཁང་དང་།  《རྒྱུད་བཞི》སློབ་ཁྲིད་སྨན་ཐང་80   མུ་ཏིག་བདུན་ཅུའི་སྨན་སྦྱོར་ལག་རྩལ།  བོད་སྨན་འདུལ་སྦྱོང་ལག་རྩལ། བོད་ཀྱི་གནམ་རིག་སྐར་རྩིས། བོད་སྨན་བདུད་རྩི་སྨན་སྒྲུབ་སོགས་ནི་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རིག་གནས་ཁྲོད་མཚོན་བྱེད་རང་བཞིན་ཞིག་ཡིན།  བོད་ལུགས་གསོ་རིག་རིག་གནས་དེས་ཀྲུང་ཧྭའི་རིག་གནས་མེ་ཏོག་ལྡུམ་རྭར་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་ཤིག་གསར་སྣོན་བྱས་ཡོད། དེར་བརྟེན་སྨན་རྩིས་ཁང་གི་ལོ་བརྒྱའི་སྨན་རྩིས་རིག་གནས་འགྲེམས་སྟོན་དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།