དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་རིག་གི་རང་བཞིན་དབྱེ་འབྱེད་མ་ལག་མཉེན་ཆས་བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-08-31

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་དུས། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱས་པར། སྨན་རྩིས་ཁང་གིས་གསར་གཏོད་བྱས་པའི“བོད་ལུགས་གསོ་རིག་གི་རང་བཞིན་དབྱེ་འབྱེད་མ་ལག་མཉེན་ཆས”སྨན་ཁང་ནང་སྤྱད་པས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་སྟོང་ཆ་བསྐངས་པ་རེད།

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི“ཐ་མལ་ནད་མེད”ཁོའོ་ཡི་གཙོ་བཅོས་སྨན་པ་སྐལ་བཟང་ཆོས་སྒྲོན་གྱིས“བོད་ལུགས་གསོ་རིག་གི་རང་བཞིན་དབྱེ་འབྱེད་མ་ལག་མཉེན་ཆས”བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི་ཡོད་པ་དང་། འདྲི་ཤོག་བཀྲམས་ནས་འབྲེལ་ཡོད་གྲངས་གཞི་མཁོ་འདོན་བྱས་ཏེ། གཟུགས་གཞི་རླུང་མཁྲིས་བད་ཀན་རྐྱང་ལྡན་འདུས་གསུམ་གང་དུ་གཏོགས་མིན་བརྡར་ཤ་བཅད་ནས། བདེ་སྲུང་སྔོན་འགོག་གི་གྲོས་འགོ་བཏོན་གྱི་ཡོད། གོམ་སྟབས་རྗེས་མར་སྨན་རྩིས་ཁང་གིས་ད་དུང་ལག་ཐོགས་ཁ་པར་གྱི་དུད་སྣེ་སོགས་འབྲེལ་ཡོད་མཉེན་ཆས་འདོན་རྩིས་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།