དབུ་ཤོག>བོད་ལུགས་གསོ་རིག
  • སྤྱོད་བཟང་གཞུང་དྲང་གི་ལྷ་རྗེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-17

    གསར་འགོད་པ་རང་ཉིད་ཀྱི་སར་བཅར་འདྲིར་ཡོང་མཁན་ཡིན་པ་གོ་ཐོས་བྱུང་མ་ཐག་སེམས་རྩ་འཁོལ་བའི་སྨན་པ་ཡོན་ལིའང་གིས་སྨན་ཁང་གི་སྒོ་རྩར་ཨུ་ཚུགས་མཐའ་སྐྱེལ་གྱིས་སྒུག་བསྡད། སྒོ་འཛུལ་མ་ཐག་ཞིང་འབྲོག་པ་མང་ཚོགས་ཀྱིས་ཁོང་གི་མཐའ་ནས་སྐོར་བ་མིག་ཟུང་དུ་འཆར།

    མང་ཚོགས་ཀྱིས་གསར་འགོད་པ་ཡོང་དོན་ཤེས་མ་ཐག་ངེད་ཚོར་མཐེ་བོང་བསྒྲེངས་པ་དང་ཆབས་ཅིག་རྒྱ་སྐད་དག་པོ་དེ་ཙམ་མེད་པའི་ཐོག་ནས་ཁོང“ཨེམ་རྗེ་ཡག་པོ་ཞིག་རེད། ཁྱེད་ཚོས་ངེས་པར་དུ་དྲིལ་བསྒྲགས་ཡག་པོ་བྱེད་རོགས”ཞེས་བཤད།

    “ང་ནག་ཆུ་ནས་མགྱོགས་པོ་ཁ་འབྲལ་གྲབས་ཡོད། ད་རེས་ཀྱི་དུས་ཚོད་དེ་བརྗེད་པར་དཀའ་བས། མང་ཚོགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ན་ལེགས། ཁྱེད་ཚོ་ངའི་གཞུང་དོན་ཁང་དུ་མ་ཕེབས་པར་ལས་ཀ་བྱེད་ཞོར་དུ་བཀའ་འདྲི་ཞུས་ན་འགྲིག་གམ”ཞེས་ཁོང་དང་ང་ཚོ་ཅི་འཕྲོས་མོལ་འཕྲོས་བྱེད་འགོ་ཚུགས།

    ལེའོ་ཉིང་ཞིང་ཆེན་གྱི་ཁག་དང་པོའི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་རུ་མི་ཡོན་ལིའང་2015ལོའི་ཟླ་བརྒྱད་པར་བོད་དུ་ཡོང་བ་དང་། ཁོང་གིས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་གྱི་ཚད་གཞི་གཞིར་བཟུང་། ནག་ཆུའི་ཆེས་ཞན་པའི་རང་བྱུང་ཆ་རྐྱེན་གྱི་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ཏེ“གཞན་བརྟེན་རོགས་སྐྱོར”ནས“རང་བརྟེན་རོགས་སྐྱོར”བར་གྱི་འདུ་ཤེས་བཙུགས་ཤིང་། ལོ་གཅིག་རིང་ཁོང་གི་འབད་བརྩོན་འོག་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ཕུན་ཚོགས་དང་། བསོད་ནམས་སྟོབས་རྒྱལ། པ་སངས་དོན་གྲུབ་སོགས་མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་པའི་སྨན་པ་ཁག་གཅིག་སྐྱེད་སྲིང་ཡང་བྱས་ཡོད།

    འབྲི་རུ་རྫོང་གི་ད་ལོ་ལོ་75ལ་སླེབས་པའི་བགྲེས་སོང་དབང་ཕྱུག་ལ་གྲུམ་བུའི་ནད་ཕོག་སྟེ་ཉལ་སར་ལོ་མང་ལུས་པ་དང་། 2015ལོའི་ཟླ་དགུ་པའི་ཟླ་འགོར་བགྲེས་སོང་ཁོང་མལ་ཁྲི་ནས་ལྷུངས་ཏེ་རུལ་ཚིགས་གཡས་པ་ཆག་པའི་ཁར་དབུགས་གཏོང་དཀའ་བར་གྱུར། ནད་གཞི་དེ་རིགས་བཅོས་ཁག་པོ་ཡོད།

    བགྲེས་སོང་ཁོང་སྨན་ཁང་དུ་བསྡད་ནས་གཟའ་འཁོར་གཅིག་སོང་རྗེས་ལེའོ་ཉིང་ཞིང་ཆེན་གྱི་ཁག་དང་པོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་དུ་རོགས་སྐྱོར་དུ་ཡོང་བ་དང་སྐབས་འཁེལ། སྨན་པ་ཡོན་ལིའང་གིས་དབུགས་རྔུབ་གཏོང་རིགས་གཅིག་མཁས་པ་ཁུང་ཏེ་ལིའེ་དང་། ནང་འཁོར་རྒྱུན་གྱི་རིགས་གཅིག་མཁས་པ་ལི་ཀྲུང་ཆང་། སྦིར་སྨན་གྱི་རིགས་གཅིག་མཁས་པ་ཝང་པིང་ཧའེ་སོགས་མཉམ་དུ་སྨན་བཅོས་བྱ་རྒྱུར་སྣེ་འཁྲིད་པས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་ལེགས་ཆ་མངོན་པ་མ་ཟད། རིགས་གཅིག་མཁས་པ་ཚོས་གཤག་བཅོས་གོང་དང་རྗེས་ཀྱི་སྨན་བཅོས་ཇུས་གཞི་ཡང་བཟོས།

    བཀོད་སྒྲིག་ཞིབ་ཚགས་དང་ཚན་ཁག་གི་ཕྱར་བ་གྲུ་འདེགས་བརྒྱུད། བགྲེས་སོང་ཁོང་གཤག་བཅོས་བྱེད་འགོ་ཚུགས་ཤིང་། ཆུ་ཚོད་4ཡི་འབད་བརྩོན་བརྒྱུད་བགྲེས་སོང་ཁོང་འཆི་གསོན་ལས་མཐར། འོན་ཀྱང་སྨན་པ་ཡོན་ལིའང་གིས་ད་དུང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ཉིན་ལྟར་གྱི་སྨན་བཅོས་ཇུས་གཞི་བཟོས་པས་བགྲེས་སོང་ཁོང་ཉིན་རེ་ལས་ཉིན་རེ་མ་འདས་པར་དྲག་སྐྱེད་དུ་སོང་། ཉིན་གསུམ་གྱི་རྗེས་བགྲེས་སོང་ཁོང་གིས“ཟླ་བ་གཅིག་ཕྱིན་རྗེས། གཞི་ནས་གཉིད་ཡག་པོ་ཞིག་ཁུག་རྒྱུ་བྱུང་སོང་། དེ་དག་ཚང་མ‘སྨན་པ་ཡག་པོ’ཁོང་གི་བཀའ་དྲིན་རེད”ཅེས་བརྗོད།

    གཟའ་འཁོར་གཉིས་སོང་རྗེས་བགྲེས་སོང་ཁོང་སྨན་ཁང་ནས་དོན་པ་དང་། ཁོང་གི་བུས་སྨན་པ་ཡོན་ལིའང་བཙལ་ནས་ཁ་བཏགས་སེར་པོ་ཞིག་གཡོགས། བོད་རིགས་སྨན་པ་ཚེ་དབང་རིག་འཛིན་གྱིས་ཡོན་ལིའང་ལ་ཁ་བཏགས་སེར་པོ་ནི་ཟོལ་མེད་ཀྱི་བརྩེ་སེམས་མཚོན་གྱི་ཡོད་ཅེས་བཤད། སྨན་པ་ཡོན་ལིའང་མཚོན་བྱེད་དུ་བྱེད་པའི་བོད་སྐྱོར་སྨན་པས་ཚེ་སྲོག་གི་ངོ་མཚར་བཏོད་ལ་རྒྱལ་ཁབ་དབུ་བརྙེས་རྗེས་ནག་ཆུ་ས་ཁུལ་དུ་ལོ་ན་མཐོ་ཤོས་ཀྱི་གཤག་བཅོས་ཀྱི་ཟིན་ཐོའང་བཏོད།

    2015ལོར་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་ལོ་མཇུག་གི་ཕྱོགས་སྡོམ་ཚོགས་འདུའི་ཐོག་སྨན་པ་ཡོན་ལིའང་གི་གཤག་བཅོས་གྲངས་འབོར་དང་། ནད་གཞི་ལྟ་ཚད། སློབ་ཁྲིད་འཆད་ཁྲིད། ནད་སྐོར་བྱེད་ཚད་བཅས་ཚང་མ་གྲལ་འགོར་སླེབས་པ་དང་། ཁོང་ཡོད་སའི་ཕྱི་ནད་ཚན་ཁག་གཉིས་པ“ཕུལ་བྱུང་ཚན་ཁག”ཏུ་བདམས་ཡོད། བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་གཞོན་པ་དང་ཕུལ་བྱུང་བོད་སྐྱོར་ལས་བྱེད་པའི་འཐུས་མི་ཞིག་ཡིན་པའི་ཁོང་ལ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། ལེའོ་ཉིང་ཞིང་ཆེན། ཏ་ལེན་གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད་གཙོ་བོས་མཇལ་འཕྲད་གནང་བ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།