དབུ་ཤོག>བོད་ལུགས་གསོ་རིག
  • 《བོད་ཀྱི་བསྐལ་འཁོར་ལོ་ཐོ》ཐོག་མར་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-24

    བོད་ཀྱི་གནམ་རིག་སྐར་རྩིས་ལོ་རྒྱུས་ཐོག་གི《བོད་ཀྱི་བསྐལ་འཁོར་ལོ་ཐོ》ཐོག་མ་དེ་ཉིན་ཤས་གོང་ལྷ་སར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    འདི་ལོ་ནི་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བའི་ལོ་ཞིག་ཡིན། རྟེན་འབྲེལ་མཛད་སྒོའི་དཔེ་ཆ་ཡིན་པའི《བོད་ཀྱི་བསྐལ་འཁོར་ལོ་ཐོའི》དེའི་ནང་དོན་2100ལོ་བར་སྣུར་སྲིང་བྱས་ཡོད་པས་དེབ་དེར་ཁྱོན་དེབ་བཞི་དང་ཤོག་གྲངས་4200ལྷག་ཙམ་ཡོད།

    “ལོ་ཐོ་དེ་ནི་བོད་ཀྱི་གནམ་རིག་སྐར་རྩིས་ལོ་རྒྱུས་ཐོག་གི་གྲུབ་འབྲས་གལ་ཆེན་ཞིག་རེད། བསྐལ་འཁོར་ལོ་ཐོ་དེས་ཀྲུང་གོར་བོད་ཀྱི་བསྐལ་འཁོར་ལོ་ཐོ་མེད་པའི་སྟོང་ཆ་བསྐངས་བ་དང་གནམ་རིག་སྐར་རྩིས་ཞིབ་འཇུག་པ་དང་བོད་རིག་པ་མཁས་ཅན་གྱི་དགོས་མཁོ་ཆེན་པོ་བསྐངས་ཡོད”ཅེས་བོད་རིག་པ་མཁས་ཅན་ཐུབ་བསྟན་ཉི་མས་ཚད་མཐོའི་གདེང་འཇོག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།