དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-19

    ཉེ་བའི་ལོའི་ནང་རང་ལྗོངས་ཀྱིས་བོད་ལུགས་གསོ་རིག་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་།  ལྷག་པར་དུ་ཁྲོམ་རས་ཁྲིད་ཕྱོགས་བྱས་ཏེ་བོད་ལུགས་གསོ་རིག་གི་གོང་འཕེལ་འཆར་འགོད་བཟོ་སྒྲིག་བྱེད་པ་དང་མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ།  ཐོན་ལས་ཁྱབ་ཚུལ་ལེགས་སྒྲིག་བྱེད་པ།  ཁེ་ལས་ཕྱོགས་གྱུར་རིམ་སྤོར་ལ་ཁྲིད་སྟོན་བྱེད་པ།  བོད་ལུགས་གསོ་རིག་ཐོན་ལས་གོང་འཕེལ་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་བཅས་བྱས་པས་གཞི་ཁྱོན་རིམ་བཞིན་ཆགས་པའི་བོད་ལུགས་གསོ་རིག་ཁེ་ལས་ཁག་ཅིག་ཐོན་ཡོད་པ་དང་།  སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གིས་ནད་གཞི་འདྲ་མིན་སྨན་བཅོས་བྱེད་རྒྱུར་ཕན་འབྲས་ཡག་པོ་ཐོན་གྱི་ཡོད་པར་བརྟེན་རྒྱ་ཆེའི་ནད་པ་ཚོའི་དགའ་བསུ་ཐོབ་ཡོད་པ་རེད།  ན་ནིང་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་གི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༣ ལས་བརྒལ་བ་དང་བོད་ལུགས་གསོ་རིགས་ཐོན་ལས་ཀྱི་མ་ལག་སྤྱིར་ན་ཆགས་ཐུབ་པ་བྱུང་བ་རེད།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།