དབུ་ཤོག>བོད་ལུགས་གསོ་རིག
  • བོད་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་མཉམ་དུ་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-17

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་ལྷ་སར་བཞུགས་མོལ་བྱས་ནས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་མཉམ་དུ་བསྐྲུན་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    གྲོས་མཐུན་ནང་ཕྱོགས་གཉིས་པོས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་མཉམ་དུ་བསྐྲུན་ནས་བོད་རང་སྐྱོང་ལྗོངས་ཀྱིས་དོ་དམ་གཙོ་བོར་བྱེད་པ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་གཙོ་གནད་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་དང་སྐུལ་མ་གཏོང་བའི་འཕེལ་རྒྱས་ཀྱི་བསམ་འཆར་གཞིར་བཟུང་། སྲིད་ཇུས་དང་། རྣམ་གྲངས། འགྲོ་གྲོན་སོགས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་གཙོ་གནད་རྒྱབ་སྐྱོར་བྱེད་པའི་མཐོ་སློབ་གྲས་སུ་བཅུག་སྟེ་མཛུབ་ཁྲིད་ལ་ཤུགས་སྣོན་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་རིག་ཞིབ་འཇུག རིག་གཞུང་འཛུགས་སྐྱོང་། ལས་སྟེགས་འཛུགས་སྐྱོང་བཅས་དང་། དེ་བཞིན་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་དང་ཐོན་ཁུངས་མཉམ་སྤྱོད་ལ་་ཞུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་འབྲེལ་གཏུག་མཉམ་ལས་དང་རིག་གནས་འཛུགས་སྐྱོང་། རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་བཅས་ཕྱོགས་དགུར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པའི་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།