དབུ་ཤོག>བོད་ལུགས་གསོ་རིག
  • དུས་ཡུན་ལོ་15སྤྱད་རྗེས《བོད་ཀྱི་བསྐལ་འཁོར་ལོ་ཐོ》དངོས་སུ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-02

    དུས་ཡུན་ལོ་15སྤྱད་པའི《བོད་ཀྱི་བསྐལ་འཁོར་ལོ་ཐོ》དེ་ཉེ་ཆར་དངོས་སུ་བཏོན་པ་རེད།

    2001ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་དཔྱད་སྐར་རྩིས་ཞིབ་འཇུག་ཁང་གི་སུའོ་ཀྲང་ཡུམ་པ་དང་། གྲོངས་ཟིན་པའི་དེ་སྔའི་གནམ་དཔྱད་སྐར་རྩིས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ངག་དབང་བཟང་པོ་རྣམ་གཉིས་ཀྱིས་མཉམ་ལས་གནང་ནས། 《བོད་ཀྱི་བསྐལ་འཁོར་ལོ་ཐོ》འབྲི་བའི་ལས་དོན་སྤེལ་འགོ་བཙུགས་པ་དང་འབྲེལ་ཁོང་རྣམ་གཉིས་ཀྱིས་ལས་བགོས་ཁ་གསལ་གནང་ནས། ཡུམ་པས་མཉེན་ཆས་ཇུས་འགོད་དང་བཟོ་འགན་ཁུར་ཏེ་རྩིས་རྒྱག་འཕྲུལ་འཁོར་ནང་ལོ་ངོ་2000རིང་གི་སྐར་རྩིས་ཀྱི་གྲངས་གཞི་ཆ་ཚང་བཅུག་པ་དང་འབྲེལ་ཞུ་དག་བཏང་ཐོག་གྲངས་གཞི་ཆ་ཚང་འཕྱུགས་པ་མེད་པའི་འགན་བཞེས་པ་དང་། ངག་དབང་བཟང་པོས་མི་སྣ་སྒྲིག་འཛུགས་གནང་སྟེ་འབྲེལ་ཡོད་གྲངས་གཞི་དེ་དག་སྔོན་ནས་ཇུས་འགོད་བྱས་པའི་རེའུ་མིག་ནང་ལག་བྲིས་གནང་བ་དང་འབྲེལ་ཞུ་དག་གི་ལས་འགན་བཞེས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་བསྐལ་འཁོར་ལོ་ཐོའི་རིགས་འགྲེ་རྩིས་རྒྱག་དང་འབྲི་རྒྱུ་དེ་རང་རྒྱལ་གྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། དུས་ཡུན་ལོ་2000བར་ཆོད་ཡོད་སྟབས། གལ་ཏེ་སྲོལ་རྒྱུན་གྱི་རྩིས་རྒྱག་ཡོ་ཆས་རྩིས་གཞོང་སྤྱད་དེ་མྱུར་རྩིས་བརྒྱབ་ཚེ་མི་ཁ་ཤས་ཀྱིས་ལོ་གཅིག་ནང་ལོ་226གི་གཞི་རྩའི་གྲངས་གཞི་རིགས་འགྲེ་རྩིས་རྒྱག་ཐུབ་པ་ཙམ་ཡིན་ལ། དེ་ལྟར་བྱས་ན་ལོ་ངོ་2000རིང་གི་གྲུབ་རྩིས་དང་། བྱེད་རྩིས། མཚུར་ལུགས། དགའ་ལྡན་རྩིས་གསར་བཅས་སྐར་རྩིས་རིགས་བཞིའི་གཞི་རྩའི་གྲངས་གཞི་ལག་རྩིས་བརྒྱབ་ཚེ་ལོ་30ལྷག་ཙམ་འགོར་བ་དང་འགྲོ་གྲོན་དང་། དུས་ཚོད། མི་སྣ་བཅས་ཧ་ཅང་མང་པོ་དགོས་པའི་ཁར་འཕྱུགས་མེད་རང་བཞིན་ཡང་འགན་ལེན་བྱེད་ཧ་ཅང་དཀའ་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།