ཨར་བརྒྱད་ཁྱུང་བསྣན། བསིལ་དྲོད་སྙོམས་པ། བཟི་ཅུང་ཡོད།
ཕན་ནུས། སྙིང་གཡུགས་ཆེ་བ་དང་། དྲན་མེད་བརྒྱལ་བ། ནུ་མ་སྐྲངས་པ། ཀླད་གཟེར་དང་སྙིང་ཚད་སྙིང་གཟེར་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི།
བྱང་པ་བཅུ་གསུམ། བསིལ་དྲོད་སྙོམས། བཟི་བཅུང་ཡོད།
ཕན་ནུས། ཀླད་ནད་ཀྱིས་གློ་བུར་དུ་བརྒྱལ་བ་དང་། དྲན་པ་འཐོར་བ། རྐང་ལག་འདར་བ། ལྦུ་བ་སྐྱུགས་པ། ལྕི་རྩུབ་པ། བརྒྱལ་གཟེར་སོགས་ལ་ཕན།
གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ་ནས་བཞི།