དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-03

    རྒྱ་རྩིས་སྟོན་ར་ཤིང་ཕོ་སྤྲེལ་ཟླ་ཆུང་བ། ཚེས་15བྱི་བའི་ལྔ་ཆ་བཞི་ནས་ཕྱི་ཟླའི་དབུགས་ཐོབ། རྩི་ཏོག་ཐོག་མ་རྒྱས། དུས་ཐོག་ཏུ་ཆུ་གཏོང་བ་དང་རྫས་ལུད་ཚད་གཞི་དང་མཐུན་པ་རྒྱག་དགོས། མུ་མཐུད་རྩྭ་ངན་འཐོག་རྒྱུ་དང་། ཁ་ལུད་འགྲེམ་རྒྱུ། ཆུ་འདྲེན་གཏོང་། དེ་མིན་འབུ་སྐྱོན་དང་ཐན་སྐྱོན་སྔོན་འགོག་བྱ་རྒྱུར་དོ་སྣང་བྱ་དགོས། ཚེས་16བྱི་བའི་ལྔ་ཆ་ལྔ་པར་དབྱར་ཉི་ལྡོག ལྷ་སར་ཆུ་ཚོད་དྲུག་དང་སྐར་མ་ང་བདུན་ལ་ཉི་མ་ཤར། ཆུ་ཚོད་ཉི་ཤུ་དང་སྐར་མ་ང་བདུན་ལ་ཉི་མ་བཞུད། ལོག་ཞག་ཉེར་གཅིག་རིང་ལྷོ་མོན་དང་ཀོང་རོང་ས་ཁུལ་དུ་ལོག་ཆར་མང་། དབུས་གཙང་ཁུལ་དུ་ཐན་ཞོད་ཡ་ཡུད་ཆེ། ཚེས་22སྟག་གི་ལྔ་ཆ་གཅིག་ནས་ལོ་ཡི་ཤིང་རྟ་བདེར་སྤྱོད་ཁབ་ཏུ་སོན། ཟླ་བདག་འཇམ། རང་ཟླའི་ཚེས་22ནས་ཕྱི་ཟླའི་ཚེས་23བར་བུམ་སྟོང་ནུབ། ཚེས་30ཡོས་ཀྱི་ལྔ་ཆ་གཅིག་ནས་ཕག་ཞག་བདུན་ཟིན། དེའི་རིང་སྨན་དཔྱད་ཆུ་ལས་དང་བཞོན་མ་ཕྱིར་གཏོང་འཛེམ། ཚེས་23འབྲུག་གི་ལྔ་ཆ་བཞི་ནས་ཚེས་24ཡོས་ཀྱི་ལྔ་ཆ་གཉིས་བར་ཉི་མ་ནག ཕུག་ལུགས་གྲུབ་པའི་ཚེས་2དང་25ཆད། ཚེས་10ལྷག དཔལ་ལྡན་བྱེད་པའི་ཚེས་15ལྷག ཚེས་20ཆད།

    སྤྱི་ལ་ཟླ་འདིར་འབྱུང་བ་ས་མེ་རླུང་གསུམ་གྱི་ཁམས་ཤས་ཆེ་བས་ཡུལ་སྤྱིར་འཐིབས་ཤས་ཆེ་ཡང་ཁ་ཆར་གྱི་འབབ་ཚད་འབྲིང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།