དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་གསོ་རིག་གི་ཞིབ་བཤེར་ཚད་ལེན་འབྲས་བུར་རྒྱལ་སྤྱིའི་ཁས་ལེན་ཐོབ་རེ་ཡོད་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-06-01

    འཛམ་གླིང་ཁས་ལེན་ཉིན་མོ་འཆར་ཉེའི་སྐབས། ཉིན་ཤས་གོང་། ཀྲུང་གོའི་ཚད་ལོན་དཔྱད་བསྡུར་གཏན་འབེབས་རྒྱལ་ཁབ་ཁས་ལེན་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བོད་ལྗོངས་གསོ་རིག་ཚོད་ལྟ་ཁང་དང་སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང་འཛུགས་སྐྲུན་རྒྱལ་སྤྱི་ཅན་དུ་བས་བསྒྱུར་བའི་ཁས་ལེན་ལས་དོན་གྱི་མིང་འགོད་མཉམ་ལས་བརྗེད་ཐོར་སྐུལ་སྤེལ་བཏང་བ་དེ་ཐོག་ནས་བོད་ཀྱིས་རྒྱལ་སྤྱིའི་ཚད་གཞིར་བརྟེན་ནས་རང་སའི་གསོ་རིག་ཞིབ་དཔྱད་ཚད་ལྡན་དུ་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད་པ་དང་། ཁས་ལེན་བྱུང་བའི་བོད་ཀྱི་གསོ་རིག་ཚོད་ལྟ་ཁང་གི་ཞིབ་དཔྱད་འབྲས་བུར་རྒྱལ་སྤྱིའི་ཁས་ལེན་ཐོབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གསོ་རིག་ཚོད་ལྟ་ཁང་གི་ཁས་ལེན་ནི་མིག་སྔར་རྒྱལ་སྤྱིར་ཐུན་མོང་དུ་སྤྱོད་པའི་ཚོད་ལྟ་ཁང་གི་ནུས་པ་ར་སྤྲོད་བྱེད་སྟངས་ཤིག་ཡིན་ལ། ཚོད་ལྟ་ཁང་གི་ནུས་པ་འཛུགས་སྐྱོང་ལ་སྐུལ་མ་ནུས་ལྡན་གཏོང་ཐབས་ཤིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཞུའེ་ཅུན་གྱིས“བོད་ཀྱིས་གསོ་རིག་ཚོད་ལྟ་ཁང་དང་སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང་གི་ཁས་ལེན་ལས་དོན་ཁྱབ་གདལ་བཏང་ཚེ། བོད་ཀྱི་གསོ་རིག་ཞིབ་བཤེར་ནུས་པ་དང་སྐྱེ་དངོས་བདེ་འཇགས་ཀྱི་འགོག་སྲུང་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་ཐུབ་ཁར། བོད་ཀྱི་སྨན་བཅོས་བྱ་གཞག་ཡུན་རིང་འཕེལ་རྒྱས་ཡོང་བར་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།