དབུ་ཤོག>བོད་ལུགས་གསོ་རིག
  • རིམས་འགོག་སྨན་ཁབ་བྲིན་ཚོང་ཐབས་ལམ་རྫུན་བཟོ་བྱས་པ་དང་འབྲེལ་བ་ཡོད་པའི་ཁེ་ལས་9ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-24

    གསར་འགོད་པས་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཧྲན་ཏུང་ཅི་ནན་གྱི་ཁྲིམས་འགལ་ངང་རིམ་འགོག་སྨན་ཁབ་གཉེར་སྐྱོང་གི་གྱོད་གཞིའི་བཤེར་ཉར་བྱས་པའི་སྨན་རྫས་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་རྗེས་རིམས་འགོག་སྨན་ཁབ་བྲིན་ཚོང་ཐབས་ལམ་རྫུན་བཟོ་བྱས་པ་དང་འབྲེལ་བ་ཡོད་པའི་སྨན་རྫས་སྡེབ་ཚོང་ཁེ་ལས་9ཡོད་པ་ཤེས་རྟོགས་བྱུང་བ་རེད། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་ས་གནས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལ་རྩད་གཅོད་མཐར་ཕྱིན་པ་བྱས་ཏེ་ཟླ་འདིའི་ཚེས་25ཉིན་གོང་དུ་བརྟག་དཔྱད་བྱས་འབྲས་གོང་ཞུ་བྱེད་དགོས་པ་དང་འབྲེལ་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ཚོགས་ཐོག་གཅིག་གྱུར་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྨན་རྫས་སྡེབ་ཚོང་ཁེ་ལས་9དེ་དག་ནི་ཧོ་པེ་ཞིང་ཆེན་འཕྲོད་བསྟེན་སྔོན་འགོག་སྐྱེ་དངོས་ཐོན་རྫས་མཁོ་འདོན་ལྟེ་གནས་དང་། ཧུའུ་ནན་ཧྭ་དབྱི་སྐྱེ་དངོས་ཐོན་རྫས་ཚད་ཡོད་ཀུང་སི། ཧྲའན་ཤིས་དབྱི་ཁང་ཀྲུང་ཧྲེང་སྨན་རྫས་སྐྱེ་དངོས་ཚད་ཡོད་ཀུང་སི། ཧྲན་ཏུང་ཀྲའོ་ཤིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི། ཧྲན་ཏུང་ཧྲི་ཅེ་སྐྱེ་དངོས་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི། ཀྲེང་ཀྲོའུ་པང་ཀྲེང་སྨན་རྫད་ཚད་ཡོད་ཀུང་སི། ཅི་ལིན་ཧྲང་ཡོན་སྐྱེ་དངོས་ཐོན་རྫས་ཚད་ཡོད་ཀུང་སི། ཅི་ཉིང་ཕུའུ་ཐའེ་སྨན་རྫས་ཚད་ཡོད་ཀུང་སི། ཧྲའན་ཤིས་དབྱི་ཝེ་ཏ་ཁང་སྐྱེ་དངོས་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཡིན་པ་རེད།

    བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་ས་གནས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལ་སྨན་རྫས་སྡེབ་ཚོང་ཁེ་ལས་9ལ་འཕྲལ་མར་བརྟག་དཔྱད་བྱས་ཏེ་རྫུན་བཟོའི་ཐོན་རྫས་ས་ཆ་གང་དུ་བྲིན་ཚོང་བྱས་པ་རྩད་གཅོད་མཐར་ཕྱིན་པ་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་བརྟག་དཔྱད་ཐུབ་ཚེ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་གཅོད་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། ཁེ་ལས་གཞན་དང་འབྲེལ་བ་ཡོད་ཚེ་ངེས་པར་དུ་རྩད་གཅོད་མཐར་ཕྱིན་པ་བྱེད་དགོས་པ། བརྟག་དཔྱད་བྱས་འབྲས་2016ལོའི་ཟླ་3ཚེས་25ཉིན་གོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་གོང་ཞུ་བྱེད་དགོས་པ་དང་འབྲེལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཀྱང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།