དབུ་ཤོག>བོད་ལུགས་གསོ་རིག
  • ཉིན་ཟླ་གཟའ་འཛིན་སྐོར།

  • ཡོང་ཁུངས།  བོད་ལྗོངས་སྨན་རྩིས་ཁང་ལོ་ཐོ་ལས།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-23

    དེ་ཡང་སྤྱི་ལོ་2016ལོའི་ཟླ་3ཚེས་9ཉིན་སྟེ་བོད་མེ་སྤྲེལ་ལོའི་ཟླ་བ་༡ཚེས་༣༠ རེས་གཟའ་ལྷག་པའི་ཉིན།   ཉི་མ་ཧྲིལ་འཛིན་ཡོད་པ་ཧིན་དྷུ་ནི་ཟི་ཡའི་གླིང་ཕྲན་སུ་མོན་ཐ་ར་སོགས་ནས་མཐོང་ཐུབ།  འདི་ཕྱོགས་ནས་བཅུ་ཆ་གཅིག་ལྷག་ཙམ་ལས་མཐོང་བར་མི་འགྱུར།  དེ་ཡང་དབུས་ཕྱོགས་ནས་ཆུ་ཚོད་༨དང་སྐར་མ་༤༧ཙམ་ལ་འཛིན་པའི་མཐར་ཐུག  དེ་ནས་ལྷོ་ཉེ་ཤར་གྱི་ཕྱོགས་ནས་གསོས་ཏེ་ཆུ་ཚོད་༩དང་སྐར་མ་༡༧ཙམ་ལ་ཉི་མའི་དཀྱིལ་འཁོར་ཟླར་ཡང་རྒྱས་པར་འགྱུར།  ལྷོ་མཚོ་སྣ་ཕྱོགས་ནས་ཆུ་ཚོད་༨དང་སྐར་མ་༡༣ཙམ་ལ་འཛིན་མགོ་རྩོམ་པ་དང་།  ཆུ་ཚོད་༨དང་སྐར་མ་༤༥ཙམ་ལ་འཛིན་པའི་མཐར་ཐུག  ཆུ་ཚོད་༩དང་སྐར་མ་༡༩ཙམ་ལ་ཉི་མའི་དཀྱིལ་འཁོར་སླར་ཡང་རྒྱས་ཤིང་།  ཡུན་ནན་བདེ་ཆེན་ཕྱོགས་ནས་ཆུ་ཚོད་༨དང་སྐར་མ་༡༥ཙམ་ལ་འཛིན་མགོ་རྩོམ་པ་དང་།  ཆུ་ཚོད་༨དང་སྐར་མ་༥༠ཙམ་ལ་འཛིན་པའི་མཐར་ཐུག   ཆུ་ཚོད་༩དང་སྐར་མ་༢༧ཡས་མས་ལ་ཉི་མའི་དཀྱིལ་འཁོར་སླར་ཡང་རྒྱས་པའི་ཚུལ་མཐོང་ཐུབ།  ཡིན་ཡང་འཛིན་ཆ་ཆུང་བ་དང་ཉི་འོད་ཤིན་ཏུ་ཆེ་བས་སྤྱན་ཤེལ་ནག་པོ་སྤྱིན་ཤོག་ནག་པོ་སོགས་བརྟེན་ནས་བལྟས་ན་ཅུང་ཟད་གསལ་བར་མཐོང་ཐུབ་པ་དང་མིག་ལའང་མི་གནོད་དོ།།

    སླར་ཡང་སྤྱི་ཟླ་9་ཚེས་1སྟེ།  བོད་ཟླ་༦ཚེས་༢༠རེས་གཟའ་ཕུར་བུའི་ཉིན་དང་།   སྤྱི་ལོ་2017ལོའི་ཟླ་2ཚེས་26ཉིན་སྟེ་བོད་ཟླ་༡༢ཚེས་༣༠རེས་གཟའ་ཉི་མའི་ཉིན།  ཉི་མ་ཟླུམ་འཛིན་ཡོད་པ་ཨ་ཧྥེ་རི་ཀ་དང་།  ཡོ་རོབ།  ལྷོ་ཨ་མེ་རི་ཀ  ནུབ་རྒྱ་མཚོ་ཆེན་པོ་སོགས་ནས་མཐོང་ཐུབ་ཀྱང་འདི་ཕྱོགས་ནས་མཐོང་བར་མི་འགྱུར་རོ།།

    གཞན་ཡང་སྤྱི་ལོ་2016ཟླ་3ཚེས་23སྟེ་བོད་ཟླ་༢ཚེས་༡༥རེས་གཟའ་ལྷག་པའི་ཉིན་གྱི་མཚན་མོ་དང་།  སྤྱི་ཟླ་9ཚེས་16སྟེ་བོད་ཟླ་༧ཚེས་༡༥རེས་གཟའ་པ་སངས་ཉིན་གྱི་མཚན་མོ་ལ་ཕྱེད་གྲིབ་ཟླ་འཛིན་ཞེས་པ་ཟླ་བ་དངོས་སུ་མ་བསྒྲིབས་ཀྱང་།  སའི་གོ་ལས་ཉི་འོད་ཆ་ཤས་ཙམ་བསྒྲིབས་པའི་ཚུལ་གྱིས་ཟླ་འོད་རྒྱུན་ལྡན་ལྟར་གསལ་པོར་མི་སྣང་བའི་རྣམ་པ་འཆར་བར་འགྱུར་བས།  གནམ་རིག་རྒྱང་ཤེལ་སོགས་ལ་བརྟེན་ནས་བལྟས་ན་མཐོང་ཐུབ་པ་ལསམིག་གིས་ཐད་ཀར་བལྟས་ན་རྟོགས་པར་དཀའོ།།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།