དབུ་ཤོག>བོད་ལུགས་གསོ་རིག
  • ས་ཞིང་འདེབས་བཀོལ་གྱི་དུས་ཚིགས།

  • ཡོང་ཁུངས།  བོད་ལྗོངས་སྨན་རྩིས་ཁང་ལོ་ཐོ་ལས།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-23

    དེ་ཡང་གདོང་ངན་མེ་སྤྲེལ་ལོར།  གྲོ་ནས་འབྲིང་ལ་གནག་རྣམས་ལེགས།  ཏིལ་རྒྱས་སྔ་ཐན་ཕྲན་བུ་འོང་།  སྤྱི་ལ་སོ་ནམ་སྔ་འདེབས་བཟང་།  བར་འདེབས་འབྲིང་ལ་ཕྱི་འདེབས་ཞན།  བོད་ཟླ་གཉིས་པའི་ཚེས་༥སྐོར་ནས་སྔ་འདེབས།  ཚེས་༢༥སྐོར་ནས་བར་འདེབས།  བོད་ཟླ་གསུམ་པའི་ཚེས་༡༨སྐོར་ནས་ཕྱི་འདེབས་ཟིན་པ་བཅས་གཤོང་ཞིང་ས་བོན་ལྕི་ཡང་སྙོམས་པའི་དབང་དུ་བཤད་པ་ཞིག་ཡིན་པས།  དེ་ལུགས་ཡུལ་སོ་སོའི་ཕུ་མདའི་ས་བབ་དང་བསྟུན་ཏེ་ཞིང་འབྲོག་རྒན་རབས་མྱོང་བ་ཅན་རྣམས་ཀྱི་ངག་རྒྱུན་དང་།  སྔར་གྱི་ཉི་ཐིག  སྐར་ཆོད་སོགས་ལས་སྔ་ཕྱིའི་འདེབས་ཚོད་རན་པ་ཤེས་པར་བྱ་རྒྱུ་གལ་ཤིན་ཏུ་ཆེའོ།།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།