དབུ་ཤོག>བོད་ལུགས་གསོ་རིག
  • བོད་མེ་སྤྲེལ་ལོའི་བྱ་ཞག་གནམ་དཔྱད་མདོར་བསྡུས།

  • ཡོང་ཁུངས།  བོད་ལྗོངས་སྨན་རྩིས་ཁང་།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-22

    བོད་ཟླ་དང་པོའི་ཚེས་༥ནས་༡༧བར་བྱ་བུ་ཞག་བཅུ་གཉིས་ནང་གནམ་གཤིས་དྲོ་ན་སོས་འཕར་སྔ།  ཚེས་༡༨ནས་༢༨བར་ཁྲུམས་ཞག་བཅུ་གཉིས་ཟིན་པས།  དེའི་རིང་ཁ་བ་དང་བཅས་གྲང་ན།  ཡུར་མའི་བར་གྲང་ཟེར་བ་དཔྱིད་གྲང་ཡུན་རིང་བས་རྒྱུན་དུ་སད་ཉེན་ཆེ་བའི་ས་ཁུལ་གྱི་ལྗང་པར་སྲུང་སྐྱོབ་བྱ་དགོས།

    ཚེས་༢༩ནས་བོད་ཟླ་གཉིས་པའི་ཚེས་༡༤བར་ཤོལ་པོ་ཟླ་ཕྱེད་རིང་ཁ་བ་ཡང་ཡང་བབས་ནས་གྲང་མོ་བྱུང་ན་དབྱར་དུས་ཞིང་འབྲོག་ཁུལ་དུ་ཚ་བ་དང་ཆར་ཆུ་ཆུང་།  ཚེས་༡༥ནས་༢༣བར་སྐྱུང་ཞག་དགུའི་ནང་ཁ་ཆར་བབས་ན།  ཉིན་དེ་ནས་བརྩིས་པའི་ཞག་གྲངས་༦༠ནས་༧༠མཚམསསུ་སོས་ཐན་ཡོད་པ་དང་། 

    ཚེས་༢༤ནས་༣༠བར་ཤེ་མོ་ཞག་བདུན་ནང་གངས་ཆར་བྱུང་ན།  ལོ་བཤད་དང་ཟླ་བཤད་ནང་བཀོད་པའི་ཆར་རྩིས་ལ་མ་བལྟོས་པར་ཞག་གྲངས་༨༠ནས༩༠བར་མཚམས་སུ་དགུང་ཐན་ངེས་པར་འོང་བ་ཐེ་ཚོམ་མེད་དོ།།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།