དབུ་ཤོག>བོད་ལུགས་གསོ་རིག
  • བོད་མེ་སྤྲེལ་ལོའི་ཀེག་རྩིས་དགོས་དོན་སྙིང་པོ།

  • ཡོང་ཁུངས།  བོད་ལྗོངས་སྨན་རྩིས་ཁང་།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-21

    ལོ་འདིར་དམིགས་བསལ་རྩུབ་རིགས་ནི།   སྤྲེལ་ལོ་གང་ཡིན་རང་ཀེག་ཤར།    སྟག་ལོ་རྣམས་ནི་བདུན་ཟུར་རྩུབ།   བྱི་འབྲུག་གཉིས་ནི་མཐུན་གསུམ་རྩུབ།    ཕག་སྦྲུལ་གང་ཡིན་བཞི་གཤེད་རྩུབ།    ལོག་མེན་ཕོ་ཁྱི་མོ་འབྲུག་ལ།   གནམ་སྒོ་བབས་པས་ཐོག་མི་འབུབ།   སྐྱེས་པ་ཕག་དང་བུད་མེད་སྦྲུལ།    ས་སྒོ་བབས་པས་ས་ལས་སྤང་།    བབས་སྤར་ཕོ་ལི་མོ་ཁམ་་དང་།    བབས་སྨེ་གཉིས་ནག་ཀུན་ལ་ངན།    གཞན་ཡང་གཉིས་ནག་སྐྱེས་དར་དང་།     བཞི་ལྗང་བུད་མེད་ལྔ་སེར་ནི།   བནྡེ་རྣམས་ལ་ངན་པར་གསུངས།   དེ་སོགས་རྐྱེན་སེལ་བཟློག་རིམ་རྣམས།    ཀུན་ཕན་ཀེག་རྩིས་གཞུང་ལས་ལོངས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།