དབུ་ཤོག>བོད་ལུགས་གསོ་རིག
  • Hརིགས་ཀྱི་ཁྲག་ཤེད་མཐོ་བའི་ནད་བཅོས་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-02-22

    གང་ཞིག་ནི་H རིགས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཟེར་རམ་ཞེ་ན།

    1. ཁྲག་ཤེད་མཐོ་བའི་ནད་ངོས་འཛིན་ཐུབ་ནས་སྙིང་ཁ་འཁུམ་ཚད་140mmHgདང་། ཡང་ན་སྙིང་ཁ་འབྱེད་ཚད་90mmHgལས་མཐོ་བའམ་དེ་དང་མཚུངས་པ་དང་།

    2. ཁྲག་ཁུའི་སྐྱུར་རྩི(Hcy)10μmol/Lལས་མཐོ་བའམ་ཡང་ན་དེ་དང་མཚུངས་པ།གོང་གསལ་གྱི་རིགས་གཉིས་འཛོམས་ན་Hརིགས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཅེས་བརྗོད།

    གལ་ཏེ་Hརིགས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཕོག་ན་བཅོས་ཐབས་འགའ་ཡོད་པ་སྟེ།

    1.དང་ཐོག་བཟའ་བཏུང་ལ་འགྱུར་ལྡོག་གཏོང་དགོས་པ་སྟེ། སྨི་ཧོའུ་ཁམ་བུ་དང་། ཀུ་ཤུ། པོ་ཚལ་སོགས་ཤིང་འབྲས་དང་སྔོ་ཚལ་སོས་པ་མང་ཙམ་ཟ་དགོས།

    2.བདེ་ཐང་གི་གོམས་གཤིས་རྒྱུན་མཐུད་བསྟེན་དགོས་པ་སྟེ། ཐ་མག་གཅོད་པ་དང་། ཆང་རག་ཉུང་ཙམ་འཐུང་བ། ངལ་གསོ་འོས་འཚམས་རྒྱག་པ། གཟུགས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ་བཅས་བྱེད་དགོས།

    3.སྨན་རྫས་བརྟེན་ནས་བཅོས་རྒྱུ་དེ་འགག་རྩ་ཡིན་པ་སྟེ། Hརིགས་ཀྱི་ཁྲག་ཤེད་མཐོ་བའི་ནད་ཕོག་མཁན་གྱིས་དུས་ཡུན་རིང་པོ་སྨན་བཟས་ནས་ཁྲག་ཤེད་དང་ཁྲག་ཁུའི་སྐྱུར་རྩི(Hcy)མཉམ་དུ་བཅག་ནས་དེ་ཉིད་རྒྱུན་མཐུད་བརྟན་པོ་ཡོང་བའི་དམིགས་ཡུལ་སྒྲུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།