དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་གྲོང་ཚོའི་སྨན་པར་ཟླ་རེར་ཁ་གསབ་དངུལ་སྒོར་900བར་སྤར་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-01-20

    ཉེ་དུས་གསར་འགོད་པས་བོདརང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་ཡིད་དབང་འགུགས་ཆེད་དང་མི་སྣ་གཞི་རིམ་དུ་སེམས་གནས་ཐུབ་པ་བྱ་ཆེད། བོད་ཀྱིས་གྲོང་ཚོའི་སྨན་པར་ཟླ་རེར་ཁ་གསབ་དངུལ་སྒོར་200ནས་སྒོར་900བར་སྤར་ཏེ་གྲོང་ཚོའི་སྨན་པའི་ཕུགས་ཀྱི་སེམས་ཁྲལ་བསལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2015ལོའི་ལོ་མཇུག་བར་བོད་དུ་གྲོང་ཚོའི་སྨན་པ་11567ཡོད་པ་དེ་2010ལོ་ལས་སྨན་པ་6244མང་དུ་ཕྱིན་ཡོད་པ་དང་། བོད་དུ་གྲོང་ཚོ་རེར་ཆ་སྙོམས་སྨན་པ་གཉིས་རེ་ཡོད་པ་དེས་ཞིང་འབྲོག་ཁུལ་དུ་གྲོང་ཚོའི་སྨན་པ་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གྲོང་ཚོའི་སྨན་པ་50%ཡན་གྱིས་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་ནད་གཞི་སྔོན་འགོག་དང་བཅོས་པ་སོགས་བྱེད་ཐུབ་ཀྱི་ཡོད།

    གཞན་ཡང་། བོད་ཀྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་མི་སྣ་4927བར་འཕེལ་རྒྱས་བྱུང་ནས་2010ལོ་ལས་འཕྲོད་བསྟེན་མི་སྣ་1756མང་དུ་ཕྱིན་ཡོད། ཤང་དང་གྲོང་རྡལ་འཕྲོད་བསྟེན་མི་སྣའི་འཚོ་བའི་ཁ་གསབ་དེ་ས་ཁུལ་གྱི་ཁྱད་པར་ལ་གཞིགས་ནས་ཟླ་རེར་སྒོར་400དང་། སྒོར་800 སྒོར་1200བཅས་ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་ཁུལ་གྱི་གཞི་རིམ་སྨན་བཅོས་སྒྲིག་ཆས་ལེགས་སུ་གཏོང་ཆེད། བོད་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྫོང་དང་ཤང(གྲོང་རྡལ)ཁག་ལ་Xའོད་ཀྱི་གློག་པར་འཕྲུལ་ཆས་དང་། ཕྲ་མཐོང་ཆེ་ཤེལ། སྙིང་པར་འཕྲུལ་ཆས་སོགས་སྟབས་བདེ་ལ་སྤྱོད་གོ་ཆོད་པའི་གཞི་རིམ་གྱི་སྨན་བཅོས་སྒྲིག་ཆས་སྣ་ཁ་15ཙམ་སྒྲིག་སྦྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།