
ཟླ་12ཚེས་21ཉིན་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཁག་གིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་དེ་ནི་མིག་སྔར་རང་ལྗོངས་སུ་གཞི་ཁྱོན་ཆེ་ཤོས་དང་ཚད་ལྡན་ཤོས་ཀྱི་བོད་སྨན་སྨན་སྦྱོར་སྡེ་ཁག་ཅིག་ཡིན་པ་རེད། སྨན་སྦྱོར་ཁང་དེས་བོད་སྨན་རིགས་400ལྷག་ཙམ་རིམ་བཞིན་སྦྱོར་རྟ་ལས་སྣོན་བྱ་རྒྱུ་ཡིན་པས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྨན་རྩིས་ཁང་དང་དགོན་སྡེ་སོགས་ལ་བོད་སྨན་གྱི་སྨན་སྦྱོར་མཁོ་འདོན་བྱེད་ཐུབ་རེ་ཡོད་ཅིང་།
འདི་ནི་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཁག་གི་སྨན་སྦྱོར་བས་བོད་སྨན་གུར་གུམ་བརྒྱད་པ་རིལ་བུ་བཟོ་རྒྱུར་མཁོ་བའི་སྨན་རྒྱུ་གྲ་སྒྲིག་བྱེད་པའི་གནས་ཚུལ་ཡིན་པ།