དབུ་ཤོག>བོད་ལུགས་གསོ་རིག
  • རང་རྒྱལ་གྱི་བོད་ཀྱི་སྨན་གཞུང་དཔེ་རྙིང་གྲངས་གཞིའི་མཛོད་དུ་བཅུག་པའི་དཔེ་རྙིང་600ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-12-09

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་བོད་སྨན་གཞུང་ཞིབ་འཇུག་ཁང་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། ད་ཆ་རྒྱལ་ནང་དུ་གཞི་ཁྱོན་ཆེ་ཤོས་དང་ནང་དོན་ཕུན་སུམ་ཚོགས་ཤོས་སུ་གྱུར་པའི་བོད་ཀྱི་སྨན་གཞུང་དཔེ་རྙིང་གྲངས་གཞིའི་མཛོད་མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་ཁང་གི་དཔེ་རྙིང་ཚད་ལྡན་ཡིག་ཆའི་གྲངས་གཞིའི་མཛོད་ནང་དུས་རབས་བདུན་པ་ནས་ཉི་ཤུ་པའི་འགོ་སྟོད་བར་གྱི་ཚད་ལྡན་དཔེ་རྙིང་638བསྡུས་པར་ཡིག་འབྲུ་ཁྲི་6000ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་ཁང་གི་གྲངས་འཛིན་དུ་འགྱུར་བའི་རྣམ་གྲངས་འགན་འཁུར་བ་གྲགས་པས་གྲངས་གཞིའི་མཛོད་དུ་འཇུག་པའི་འགོ་2003ལོར་བཙུགས་ཤིང་། དེའི་ནང་སྨན་གྱི་ལོ་རྒྱུས་དང་། གནའ་རབས་གསོ་རིག རྒྱུད་བཞི། ནད་ཐོག་ལག་ལེན། སྨན་སྣ་དབྱེ་འབྱེད། སྨན་རྫས་སྦྱོར་རྟ། སྨན་འདུལ་ཐབས། སྨན་སྒྲུབ་བཅས་བྱེ་བྲག་སྐོར་བརྒྱད་ཚུད་ཡོད། ད་ཆ་གྲངས་གཞིའི་མཛོད་དེ་རྒྱ་ཆེའི་བོད་སྨན་ཞིབ་འཇུག་པ་དང་། སྨན་པ། ཐོན་ལས་ནང་ཞུཌ་མཁན་བཅས་ལ་སྒོ་ཕྱེ་བས་སྤྱོད་མཁན་གྱིས་བརྡ་ཆད་གཙོ་བོ་མནན་ཚེ་དེ་འབྲེལ་ཚད་ལྡན་ཡིག་ཆ་འཚོལ་ཐུབ།

    2006ལོར་བོད་ཀྱི་གསོ་བ་རིག་པ་དེ་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།