དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྦྱོང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-14

    ཟླ་10ཚེས་11ཉིན་གྱི་སྔ་དྲོ་བོད་ཀྱི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྦྱོང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ནས་གྲོང་གསེབ་ཀྱི་མངགས་ཐོ་དང་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་རིག་ཤེས་ལྡན་མི་སྣ་རིན་མེད་གསོ་སྐྱོང་བྱེད་པའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་བཞུགས་མོལ་བྱས་པ་དང་འབྲེལ། ནང་སའི་མཐོ་སློབ་ཀྱི“ཚོགས་འཛུགས་རྣམ་པའི”ཁ་གཏད་རོགས་སྐྱོར་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་མཉམ་གཏོད་སོགས་འབྲེལ་ཡོད་བྱ་བར་གྲོས་བསྡུར་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥང་ལིང་མིན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། སློབ་གསོ་པུའི་མཐོ་རིམ་སློབ་གསོ་སི་དང་པེ་ཅིང་སློབ་ཆེན་དང་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་སྨན་བཅོས་འཕྲོད་བསྟེན་ནི་དམངས་འཚོའི་གནད་དོན་གལ་ཆེན་ཡིན་པ་དེར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྔར་ནས་བཟུང་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་བྱ་སྤྱོད་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཐོག་དོན་འཁྱོལ་བྱེད་པ་དང་། མཐོ་རིམ་གསོ་རིག་སློབ་གསོ་དང་དེང་རབས་གསོ་རིག་སློབ་གསོའི་མ་ལག་བསྐྲུན་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། མཐོ་རིམ་ཇུས་འགོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གསོ་སྦྱོང་དམིགས་ཚད་སྔར་བས་ཁ་གསལ་དང་སློབ་ཁྲིད་ནང་དོན་དང་སློབ་ཚན་མ་ལག་ལེགས་སྒྲིག་དང་སྦྲགས། དུས་བབ་འཕེལ་རྒྱས་དང་ལས་ཀའི་དགོས་མཁོར་དམིགས་ནས་དམིགས་ཚད་ལས་འགན་དང་བྱེད་ཐབས་སྔར་བས་འཐུས་ཚང་དུ་གཏོང་དགོས་པ། “མངགས་ཐོའི་རྣམ་པའི”གསོ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། ཕྱི་ཤུགས་ལ་བརྟེན་པ་དང་། ནང་ཤུགས་ལ་སྣང་ཆེན། མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་སོགས་གང་ལེགས་སྤྱད་ནས་ཤེས་ལྡན་མི་སྣའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། མཉམ་གཏོད་མགྱོགས་སུ་དང་སྟེགས་བུ་ཡག་པོ་བཏོད་ནས་གསོ་རིག་འཕྲོད་བསྟེན་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།