དབུ་ཤོག>བོད་ལུགས་གསོ་རིག
  • རྒན་རྒོན་ལ་སྨན་རིན་གྲབས་གསོག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-13

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་ཁོངས་གཏོགས་ཀྱི་ཙུའུ་6པའི་སྒོ་རྟགས་23ནང་སྡོད་མཁན་དཀའ་ངལ་ཡོད་པའི་བགྲེས་སོང་འོད་ཟེར་དང་ཁོང་གི་བཟའ་ཟླས“མི་ཡུལ་དུ་བརྩེ་སེམས་ཡོད་པ་དང་། གཅེས་སེམས་ཞལ་འདེབས་ཀྱིས་མི་སེམས་དྲོ་བར་བྱས”ཞེས་བྲིས་པའི་གོས་དར་འཁྱེར་ནས་འོ་བརྒྱལ་ཐང་ཉེན་དོན་ཁང་དུ་མི་དམངས་ཉེན་རྟོག་པར་དུས་ཡུན་རིང་པོའི་ནང་རྒན་རྒོན་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་བར་སླེབས་ཡོད།

    མི་རིང་བའི་གོང་བགྲེས་སོང་ལ་ནད་གཞི་ཆེན་པོ་ཞིག་ཕོག་སྐབས་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་རང་འགུལ་ངང་སྨན་རིན་གྲབས་གསོག་བྱས་ནས་བགྲེས་སོང་གི་ཁུར་པོ་ཡང་དུ་བཏང་ཡོད། བགྲེས་སོང་འོད་ཟེར་གྱིས་མིག་ལ་མཆི་ཞག་འཁོར་བཞིན་དུ་ཉེན་རྟོག་དཔོན་གྱི་ལག་ནས་བཟུང་སྟེ“ཁྱེད་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་ང་ཚོའི་ཁྱིམ་ཚང་ལ་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ། ཁྱེད་རྣམས་ཡོད་པས་དངོས་ནས་ཡག་པོ་འདུག”ཅེས་བཤད།

    མི་དམངས་ཉེན་རྟོག་པས་གོས་དར་བླངས་ཏེ་སླད་ཕྱིན་གྱི་ལས་ཀའི་ཁྲོད་མུ་མཐུད“མི་དམངས་ཆེད་ཞབས་འདེགས་ཞུ་བ་དང་ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་པའི”ལས་ཀའི་འདུ་ཤེས་བཅངས་ཏེ་མང་ཚོགས་ཀྱི་ཁས་ལེན་སྒུལ་ཤུགས་སུ་འཛིན་ནས་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་། རྒྱུན་འཁྱོངས་ལྷོད་མེད། དེ་བས་ཕྱོགས་ཡོངས་དང་། དེ་བས་ཕན་ནུས་ལྡན་པའི་སྒོ་ནས་སྡེ་ཁུལ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་སྟེ་མི་དམངས་ཉེན་རྟོག་པའི་གཟུགས་བརྙན་བཟང་པོ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།