དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-18

    རྒྱ་རྩིས་དགུན་ར་ཤིང་མོ་ཕག་ཟླ་ཆེ་བ། ཚེས་7གླང་གི་ལྔ་ཆ་གཉིས་ནས་རང་ཟླའི་དབུགས་ཐོབ། སྟོན་ཚད་ཞི། དུས་སད་ལྡང་། ཟིལ་དཀར་འོང་། གྲང་ངར་མངོན་ཙམ་སྐྱེ། བོད་ན་སྟོན་གྱི་སྒང་། རང་ལྗོངས་སུ་མུ་མཐུད་སྟོན་བསྡུའི་ལས་ཀར་དོ་སྣང་བྱས་ཏེ་ཆུ་སྐྱོན་དང་བཞའ་སྐྱོན་མི་ཡོང་བ་བྱེད་པ་དང་། སྟོན་རྨོད་རྒྱག་པ། དགུན་གྲོ་འདེབས་པ་བཅས་བྱ་དགོས། ཚེས་11སྟག་གི་ལྔ་ཆ་གཅིག་ནས་སྟོན་ཉིན་མཚན་མཉམ། ཚེས་14སྟག་གི་ལྔ་ཆ་གསུམ་ནས་སྲིད་པའི་སྒྲོན་མེ་ལུས་བཟང་ཁྱིམ་དུ་འབྱོར། ཟླ་བདག་རྩུབ། རང་ཟླའི་ཚེས་14ནས་ཕྱི་ཟླའི་ཚེས་15བར་བུམ་སྟོང་ལྷོ། ཚེས་24ཡོས་ཀྱི་ལྔ་ཆ་ནས་སྟོན་བར་མའི་རང་སྒང་ཟིན། སྤང་མདོག་འགྱུར། བ་མོ་འགོ་མ་འབབ། ཟིལ་དཀར་འོང་། མ་གལ་དང་སྦྱར་པའི་ལོ་མ་སེར་མདོག་ཏུ་འགྱུར། མུ་མཐུད་ནས་སྟོན་རྨོད་རྒྱག་པ་དང་། དགུན་གྲོ་འདེབས་ཚར་བ་བྱ་དགོས། སྟོད་བྱང་འབྲོག་པའི་ས་ཁུལ་དུ་སྔོ་གསོག་ལྗང་རྩྭ་བསྡུ་ཉར་བྱ་རྒྱུ། རྟེན་འབྲེལ་སྲིད་པ། ལྷ་སར་ཆུ་ཚོད་བདུན་དང་སྐར་མ་བཞི་ཅུར་ཉི་མ་ཤར། ཆུ་ཚོད་ཉི་ཤུ་དང་སྐར་མ་གཅིག་ལ་ཉི་མ་བཞུད། ཚེས་9བྱའི་ལྔ་ཆ་གསུམ་ནས་ཚེས་10སྤྲེལ་གྱི་ལྔ་ཆ་བཞི་བར་ཉི་མ་ནག ལྔ་དགུ་ལྷོ། ཟིན་ཕུང་ཤར་ནས་ནུབ་ཏུ་ཉི་ཕྱེད་རྒྱུ། བྱ་རྫོགས་ནས་ལྡོག ཧལ་ཁྱི་ནུབ་སྟོད། ནུབ་བྱང་མཚམས་སུ་དུར་དྲངས་ན་འཕུང་། འབྲུག་རྗེ་སྒྱེད་པུ་དང་ཀ་འོག་ཏུ་གནས། ཡས་ལམ་ཤར་ལྷོ། ཕུག་ལུགས་གྲུབ་པའི་ཚེས་16ཆད། ལྷག་མེད། དཔལ་ལྡན་བྱེད་པའི་ཚེས་12ཆད། ཚེས་3ལྷག

    སྤྱི་ལ་ཟླ་འདིར་འབྱུང་བ་མེ་ཆུ་རླུང་གསུམ་གྱི་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་ཆར་མི་སྙོམས། བྱེ་བྲག་ཚེས་1ནས་ལྷག་པ་རྒྱུ་སྐར་དབོ་སྟེང་ཕྱིར་ལོག་ཅིང་། སྒྲ་གཅན་གདོང་དང་སྐར་ཁྱིམ་གཅིག་ཏུ་འཛོམས་པ་དང་། སངས་མདུན་ལྷག་པ་གནས་པས། ཤར་དང་། ཤར་ལྷོ་སོགས་ས་གནས་འགའ་ཤས་ལ་ཁ་ཆར་འཚུབ་ཅིང་རང་བྱུང་གནོད་འཚེར་དོགས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།