



མཚན་མོ་མ་ཉལ་གོང་ལ་ཆུ་བསྐོལ་གྲང་། ཕོར་གང་ནང་དུ་སྟར་བུའི་ཁུ་བ་བསྲེས། ཅུང་ཙམ་འཐུང་ན་གཉིད་ཀྱི་བདེ་བ་འཕེལ། སྐྱིགས་བུ་སེལ་བར་དེ་ཉིད་མཆོག་ཏུ་བསྔགས།།
མགོ་བོ་ལག་ངར་སྟེང་བཞག་ཉལ་མི་བྱ། དེ་ལྟར་མིག་རིལ་གཉིས་ལ་བཙིར་གནོན་འོང་། དེ་བས་བཙིར་ཡུན་རིང་ན་མིག་ཤེད་ཤོར། ཡང་ན་མིག་ལ་ནད་གཞན་འབྱུང་ཡང་སྲིད།།
དགུན་ཁ་ནམ་ཟླ་སྐམ་ཤས་ཆེ་བས་ན། མི་ལུས་ཆུ་ཁམས་གསབ་པར་དང་དོད་ཆེ། ཆུ་ཁམས་ཟད་ན་ཁྲག་ཁམས་གར་པོ་བྱེད། དེ་ཡིས་རྐྱེན་པས་ཁྲག་རྩ་རྡོལ་བར་བཤད།།
དགུན་ཁ་གྲང་བསྲན་སྐྱོ་བའི་མི་རྣམས་ཀྱིས། ཡལ་ག་རྩ་བ་ཅན་གྱི་སྔོ་ཚལ་ཏེ། ལྷག་པར་ལ་ཕུག་ལ་སོགས་ཁོང་ཚད་སེལ། དུག་འདོན་ནུས་པ་ལྡན་པས་སྨན་ལས་ལྷག
ཆང་རག་བཞེས་དུས་ལྭ་ཧྥིང་ཟ་རྒྱུ་མེད། ལྭ་ཧྥིང་ནང་གི་དངུལ་ཆུ་དཀར་པོ་དེ། ཕོ་བའི་ནང་དུ་རྒྱུན་རིང་ལུས་པས་ན། ཆང་པ་རྒད་པོའང་གླང་སྨྱོན་ལྟ་བུར་གྱུར།