དབུ་ཤོག>བོད་ལུགས་གསོ་རིག
  • ཟས་དང་སྤྱོད་ལམ་གྱི་ལིའུ་སྤེལ་མ། (5)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​དཔལ་མཆོག་གིས་རྩོམ་བསྒྱུར་བྱས།   |     སྤེལ་དུས།  2015-07-27

    དགུན་གྱི་དུས་སུ་རྒྱ་ནག་སྲོལ་ལུགས་ལ། འབྲས་ནག་ཏིལ་ནག་ལ་སོགས་ནག་པོའི་ཟས། བསྟེན་པའི་ཁྱད་པར་ཞིག་ནི་འཇུ་སྟོབས་འཕེལ། དྭངས་མ་ཁྲག་ལ་འགྱུར་ཚད་བཟང་བ་འོ།

    སྟར་བུའི་ཁུ་བ་དཀར་པོར་ཆུ་དྲོན་བསྲེས། རྐང་པ་ལུམས་པས་ངལ་གསོས་པགས་པ་འཇམ། གཉིད་ཀྱི་བདེ་བ་འཕེལ་ཞེས་འགའ་ཞིག་སྨྲ། སྤྲ་བ་གུར་ཀུམ་སྦངས་པས་རྩ་གྲུམ་དང་། རྐང་འབམ་ཁྲག་གི་འཁོར་རྒྱུག་བསྐུལ་བ་ཡིན།

    སྒ་སྐྱ་གསོས་པ་ཅུང་ཙམ་སིལ་བྱས་ནས། ཆུ་ནང་ལྷོག་ཙམ་བསྐོལ་ཞིང་ཆུ་གྲང་བསྲེས། རྐང་པ་གང་མཚམས་ལུམས་པས་རྐང་ལག་གི  རྒྱུན་དུ་གྲང་སྣང་སྐྱེ་བ་བཅོས་པའོ།

    སྒ་སྐྱས་ལུས་ཀྱི་གྲང་ངད་སེལ་བྱ་སྟེ།  རྩ་ཕྲན་ཁྲག་གི་འཁོར་རྒྱུག་བསྐུལ་བ་དང་། རྐང་པ་ལུམས་པས་སྙིགས་མ་དོར་སྲིད་ཅིང་། རྒྱ་གར་རྒན་པོའིབདེ་སྲུང་སྨན་དུ་གྲུབ།

    ཆུ་གྲང་བསྐོལ་གྲངས་མང་ན་ཆུ་ནུས་ཤོར།  ཆུ་ནང་གསོ་རླུང་ནུས་པ་ཉམས་པར་བྱེད།  ཆུ་ཡི་བྲོ་བ་དེ་ཡང་ཤོར་སྲིད་པས། ཇ་ལོ་འཐུང་བའི་ཆུ་ལ་དེ་མི་ཉན།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།