དབུ་ཤོག>བོད་ལུགས་གསོ་རིག
  • ཟས་དང་སྤྱོད་ལམ་གྱི་ལིའུ་སྤེལ་མ། (4)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་མཆོག་གིས་རྩོམ་བསྒྱུར་བྱས།   |     སྤེལ་དུས།  2015-07-27

    ལ་ཕུག་པད་ཚལ་ལུས་ཀྱི་བཅུད་ལེན་ཏེ།  རྟག་དུ་ཟོས་ན་འཇུ་སྟོབས་འཕེལ་དང་ལྷན།  དེ་གཉིས་མི་ཚོས་རྒྱུན་དུ་བསྟེན་པ་ན།  སྨན་པ་མཁས་པའང་དལ་བའི་སྐབས་ཤིག་སྙེད།

    སྐྱེད་བྱེད་མ་ཡི་ནུ་ཞོ་ཁྱིའུ་ཆུང་གསོས།  བྱིས་པའི་ལུས་ཀྱི་ནད་འགོག་ལུས་ཟུངས་འཕེལ།  ལྷན་སྐྱེས་ཐོག་མའི་རིག་སྟོབས་སྐུལ་བའམ། གཞན་ཡང་སྐྱེད་མའི་ནུ་སྐྲན་འགོག་པའོ།

    སུར་པན་ཉུང་ངུ་ཟོས་པས་ཀླད་ཁམས་ཀྱི།  ཕྲ་ཕུང་སྒུལ་བར་ཕན་ཞེས་དེ་མིན་དུ།  རྒས་ཀ་སྲ་བའི་ནུས་པའང་ཐོན་པ་སྟེ།  མང་ན་འབྲས་སྐྲན་སློང་བའི་རྐྱེན་དུ་གྱུར།

    ཚྭ་རིགས་ཟོས་པ་མང་ན་ལུས་ཕུང་ནང་།  ཆུ་ཡི་ལྡང་ཚད་འཕེལ་བས་རྐྱ་རྦབ་འབྱུང་།  ལུས་ཀྱི་རུས་རྩི་སོབ་སོབ་པོ་རུ་གྱུར།  སྙིང་ཁམས་ཁྲག་རྩའི་ནད་ཀྱང་སློང་བར་བཤད།

    དགུན་དུས་མི་ཡི་ལུས་པོར་སྐམ་ཚད་འཕེལ། ཁ་ནང་མཆུ་ཏོ་སོགས་ལ་ཚད་ཐོར་འབྱུང་། དེའི་སྐབས་ལ་ཕུག་པད་ཚལ་ཏུང་ཀྭ་དང་། པདྨའི་རྩ་བ་ལ་སོགས་བསྟེན་ན་ཕན།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།