དབུ་ཤོག>བོད་ལུགས་གསོ་རིག
  • ཟས་དང་སྤྱོད་ལམ་གྱི་ལིའུ་སྤེལ་མ། (3)

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་མཆོག་གིས་རྩོམ་བསྒྱུར་བྱས།   |     སྤེལ་དུས།  2015-07-27

    རྒྱ་འཛིམ་ཟོས་པས་ལུས་ཀྱི་དྲོད་ཚད་སྲུང་། མཆེར་པ་ཕོ་བའི་ནུས་པའང་འཕེལ་བར་བཤད། དེ་ནང་འདུས་པའི་གྲུབ་རྒྱུ་རྩིང་པོ་ཡིས། རྒྱུ་མའི་འཇུ་སྟོབས་འཕེལ་ཞེས་ཀུན་གྱིས་སྨྲ།

    ཡང་ཙོང་རྗེན་པར་བཞེས་ན་བཅུད་མི་ཤོར། ཁོག་ནང་ནད་འབུ་ཕྲ་མོ་གསོད་ཅེས་ཏེ། གཞན་ཡང་ཟས་ཀྱི་ཞག་ཚི་འཇོམས་པར་བཤད། ཕོ་བ་རྒྱུ་མའི་ནད་པས་ཅུང་ཙམ་འཛེམས།

    སྔོ་ཚལ་རྗེན་པར་ཟས་སུ་སྤྱད་གྱུར་ན།  དེ་ཡི་འཚོ་བཅུད་ལུས་ལ་ལེགས་ཐིམས་མོད།  རྒྱུན་རིང་ཟོས་ཐལ་ཤོར་བས་མཆེར་པ་དང་།  ཕོ་བའི་མེ་དྲོད་ཉམས་པས་གཟབ་པར་མཛོད།

    ཚལ་རིགས་བསྙལ་མར་ངོ་བོ་འགྱུར་ཟིན་པའི། ཚྭ་ཡི་འདུས་ཚད་ཆེ་སྟེ་ལུས་ཁམས་ནང་། དུག་ལྡན་དངོས་པོར་གྱུར་ནས་འཇུ་བྱེད་ཉམས། འབྲས་ནད་སློང་བའི་རྐྱེན་དུ་གྱུར་བར་དོགས།

    མོག་རོ་ནག་པོས་འཇུ་བྱེད་མ་ལག་གི  སྙིཊ་མ་ཛ་ཛོར་ལ་སོཊ་འདོན་དང་ལྷན། དེ་མིན་ཁྲག་ཁམས་གཙང་སེལ་ནུས་པའང་ལྡན།  རྒྱུན་དུ་བསྟེན་པས་ཁོག་ནང་གཙང་བར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།