དབུ་ཤོག>བོད་ལུགས་གསོ་རིག
  • ​ རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ཚོགས་འདུ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-30

    ཚེས་28ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ཚོགས་འདུ་སྐབས་དང་པོ་དེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་གྲོལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་བོད་ཡིག་དཔྱད་རྩོམ་71དང་རྒྱ་ཡིག་དཔྱད་རྩོམ་33འབྱོར་བ་དང་འབྲེལ་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྡུས་ཆགས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“བོད་ལུགས་གསོ་རིག་དང་བོད་སྨན་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞིབ་འཇུག་སློབ་མའི་སློབ་གསོའི་འདས་ཟིན་པ་དང་། ད་ཆ། འབྱུང་འགྱུར་བཅས”རེད། དུས་ཡུན་ཉིན་གཉིས་ཀྱི་ཚོགས་འདུའི་ནང་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་། ཅང་ཤིས་ཀྲུང་ལུགས་གསོ་རིག་སློབ་ཆེན། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་སྨན་རྩིས་ཁང་སོགས་ཀྱི་སྐུ་མགྲོན་75དང་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་ལས་རིགས་དང་སློབ་གསོའི་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ཚོས་ཞིབ་འཇུག་སློབ་མའི་སློབ་གསོ་དང་། བོད་ལུགས་གསོ་རིག་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ། བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས། བོད་སྨན་ནད་ཐོག་དང་ཞིབ་འཇུག་སོགས་ཀྱི་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་དང་ཚོགས་ཞུགས་སྐུ་མགྲོན་ཚོས་ད་དུང་རང་ངོས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་སྙན་ཞུ་ཕུལ་བ་མ་ཟད། བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བའི་ཐད་གྲོས་འགོའང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།