དབུ་ཤོག>བོད་ལུགས་གསོ་རིག
  • བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        ཉིན་ཤས་གོང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་འཚོགས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་པ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་ཐད་བཏོན་པའི་རེ་བ་དང་བླང་བྱ་གསར་པ་དེ་དག་ཁང་དེ་ཡོངས་ཀྱི་ལས་དོན་དབར་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་གྱི་ཇུས་གཞི་བཟོས་ཏེ། “རྟེན་གཞི་གཅིག་དང་ལྟེ་བ་གཉིས ”འཛུགས་སྐྲུན་གྱི་མཐོ་རིམ་ཇུས་བཀོད་གཙོ་གནད་ཐོག་དམ་འཛིན་བྱས་ནས། ཁང་དེ་ཡོངས་ཀྱིས་ལས་སྒོ་གཉེར་སྐབས་དམིགས་ཚད་ཡོད་པ་དང་། ཞིབ་འཇུག་བྱེད་སྐབས་ཁ་ཕྱོགས་ཡོད་པ། དོ་དམ་བྱེད་སྐབས་བྱ་ཐབས་ཡོད་པ་བཅས་བྱེད་དགོས་པ་དང་། ནད་ཐོག་སྨན་བཅོས་དང་ཚན་ཞིབ་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ཆུ་ཚད་དང་ནུས་པ་མཐོ་རུ་གཏོང་བ་དང་། དེ་བཞིན་ལོ་འཁོར་གྱི་གཏན་འཁེལ་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱས་པའི་རྨང་གཞིའི་ཐོག མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ། བསམ་ཕྱོགས་ཡངས་པ་དང་། འཐབ་ཇུས་ལེགས་པ། ཆོད་སེམས་བརྟན་པའི་སྒོ་ནས་ཐོན་ལས་ཀྱི “སྤུས་རྟགས་ཕན་ནུས ”མི་འཕྱུགས་པ་འདོན་པ་དང་། ཀུན་གྱིས་ཁས་ལེན་དང་དམ་འཛིན་བྱེད་གཞི་མཐོ་རུ་བཏང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།