དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་སྒྲོན་མ་སྨན་ཁང་གི་ཡོན་ཀྲང་བསྟན་འཛིན་སྒྲོན་མར་གཟེངས་བསྟོད་མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་ལྗོངས་སྒྲོན་མ་སྨན་ཁང་གི་ཡོན་ཀྲང་བསྟན་འཛིན་སྒྲོན་མར་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྤྱི་དབང་མིན་པའི་དཔལ་འབྱོར་སྒྲིག་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གནང་བའི་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟེངས་བསྟོད་མཚན་སྙན་ཐོབ་ཡོད།

        བསྟན་འཛིན་སྒྲོན་མས་རང་ཉིད་ལ་མཚན་སྙན་ཐོབ་པ་ནི་སྒྲོན་མ་སྨན་ཁང་གི་ལས་བཟོ་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་དང་བྲལ་དུ་མེད་པ་ཞིག་རེད་ཅེས་བཤད།

        ཤེས་རྟོགས་བྱུང་བར། 2012ལོར་སྒྲོན་མ་སྨན་ཁང་དངོས་སུ་སྒོ་ཕྱེ་བ་ནས་བཟུང་། བསྟན་འཛིན་སྒྲོན་མའི་སྣེ་འཁྲིད་འོག སྒྲོན་མ་སྨན་ཁང་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་སྨན་ཁང་ལ་འགྱུར་བ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་རྫོང་བདུན་དང་ཆུས་གཅིག་གི་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་སྨན་ཁང་ལ་གྱུར་ཡོད།

        ད་ཆ། སྒྲོལ་མ་སྨན་ཁང་གིས་ནད་ཁང་གི་ཁོར་ཡུག་ལེགས་སུ་བཏང་ནས་མི་གཙོ་བོར་འཛིན་པའི་སྨན་པ་དང་སྨན་གཡོག་གི་ཚོགས་པ་བཙུགས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་གསུམ་པའི་སྨན་ཁང་ནས་སྨན་པ་ཆེད་མཁས་རྒན་གྲས་20ལྷག་ཙམ་གདན་ཞུ་བྱས་པ་རང་ཉིད་སྨན་ཁང་གི་ཚན་ཁག་སོ་སོའི་རྐང་འཛིན་སྨན་པར་གྱུར་བས་སྨན་ཁང་དེ་གའི་སྨན་བཅོས་ནུས་པ་མཐོ་རུ་ཕྱིན་ཡོད། སྒྲོན་མ་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་སྒྲོན་མ་སྨན་ཁང་གིས་སྨན་ཁང་གསར་པ་འཛུགས་སའི་ས་ཆ་འདེབས་བཞིན་པ་ཡོད་པ་དང་སྨན་ཁང་གསར་འཛུགས་དང་རྒྱ་ཆེར་གཏོང་བའི་རྣམ་གྲངས་ཀྱི་གྲ་སྒྲིག་ལས་ཀ་བྱེད་བཞིན་ཡོད། སྨན་པ་དང་སྨན་གཡོག་གི་དོ་དམ་ལས་ཀ་ཤུགས་ཆེར་བཏང་ཏེ་སྨན་པའི་ལས་རིགས་ཀུན་སྤྱོད་དང་བྱང་ཚད་གསོ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་རིམ་པ་གཉིས་པའི་ཕྱོགས་བསྡུས་སྨན་ཁང་འཛུགས་རྒྱུར་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།