དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་རིག་དང་བོད་སྨན་དེ་བོད་ལྗོངས་འཕེལ་རྒྱས་ཀྱི་གལ་ཆེའི་འཐབ་ཇུས་སུ་བཅུག

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།    |     སྤེལ་དུས།  2015-05-07

        བོད་ལྗོངས་གཞུང་ཕྱོགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཤང་གྲོང་ཚང་མར་ཁྱབ་ཐུབ་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་འཛུགས་པ་དང་། གྲུབ་ཆ་སྣ་མང་དང་ཞིབ་འཇུག ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་བྱེད་པའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་རྣམ་པ་གཏོད་པ། མང་ཚོགས་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་པ་བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་གཏོད།

        བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་ནི་བོད་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་ཐོན་ཁུངས་གལ་ཆེན་དང་། ཁྱད་ལྡན་དཔལ་འབྱོར་ཐོན་ཁུངས། གསར་གཏོད་ཚན་རྩལ་གྱི་ཐོན་ཁུངས་གལ་ཆེན་བཅས་ཡིན་པས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བའི་དོན་སྙིང་ཆེན་པོ་ལྡན་ཡོད། "ལོ་ལྔ་ཚན་བཅུ་གསུམ་པའི "རིང་བོད་ལྗོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་ཁྱོན་ཡོངས་སུ་ཁྱབ་ཐུབ་པའི་འགན་ལེན་བྱས་ཏེ་བོད་ལུགས་སྨན་རྩིས་ཁང་དེ་རྒྱལ་ཁབ་ནད་ཐོག་ཞིབ་འཇུག་རྟེན་གཞི་དང་། རྒྱལ་ཡོངས་བོད་ལུགས་གསོ་རིག་ལྟེ་གནས། རྒྱལ་ཡོངས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ལྟེ་གནས་བཅས་གཏོད་རྒྱུར་ཧུར་བརྩོན་བྱ་རྒྱུ་ཡིན་ཅེས་གསུངས།

        གཞན་ཡང་བློ་བཟང་རྒྱལ་མཚན་གྱིས་གང་མགྱོགས་ཀྱིས་བོད་ལུགས་གསོ་རིག་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་དེ་དོན་དངོས་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་དང་། བོད་སྨན་ཐོན་རྫས་ཁེ་ལས་གཞན་སྒྱུར་རིམ་སྤོར་གྱི་སྣེ་ཁྲིད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བོད་ལུགས་གསོ་རིག་གཞུང་ལུགས་ལེགས་སྒྲིག་དང་བོད་ལུགས་གསོ་རིག་གི་རིག་དངོས་དང་། ཚད་ལྡན་ཡིག་ཆ། གནའ་ཤུལ་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཁག་ལ་ཤུགས་བརྒྱབ་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལེགས་ལ་མྱུར་བའི་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།