འདི་ནི་བོད་རང་སྐྱོང་ལྗོངས་སྐབས་ལྔ་པའི་གནའ་སྲོལ་བོད་སྨན་སྨན་ངོ་རྒྱུགས་བཤེར་ཆེན་མོའི་འགོ་ཚུགས་མཛད་སྒོ་སྤེལ་བཞིན་པའི་གནས་ཚུལ་ཡིན་པ།
འདི་ནི་བོད་རང་སྐྱོང་ལྗོངས་སྐབས་ལྔ་པའི་གནའ་སྲོལ་བོད་སྨན་སྨན་ངོ་རྒྱུགས་བཤེར་ཆེན་མོར་ཞུགས་མཁན་གྱི་རིགས་གཅིག་མཁས་ཅན་རྒན་གྲས་ཡིན་པ།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྒྲུབ་འགན་ཁུར་བའི “བོད་རང་སྐྱོང་ལྗོངས་སྐབས་ལྔ་པའི་གནའ་སྲོལ་བོད་སྨན་སྨན་ངོ་རྒྱུགས་བཤེར་ཆེན་མོ ”2014ལོའི་ཟླ་8པའི་ཚེས་22ཉིན་ལྷ་སར་སྤེལ་བ་རེད། ཐེངས་འདིའི་འགྲན་བསྡུར་ནང་དུ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་སྨན་བཅོས་ཚན་པ་7དང་། བདུད་རྩི་མ་རྐང་ཀུང་སི་སོགས་སྲོལ་རྒྱུན་གྱི་བོད་སྨན་བཟོ་གྲྭ་3 འགྲན་བསྡུར་རུ་ཁག་11 འགྲན་བསྡུར་མི་སྣ་44 བཅས་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་སྐབས་ལྔ་པའི་གནའ་སྲོལ་བོད་སྨན་སྨན་ངོ་རྒྱུགས་བཤེར་ཆེན་མོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་མཚན་འཛིན་ཡོན་ཀྲང་དགྲ་འདུལ་དང་། དེ་སྔའི་ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་སྐལ་བཟང་ཕུན་ཚོགས་སོགས་ལྗོངས་རིམ་པའི་སྙན་གྲགས་ཆེ་བའི་རིགས་གཅིག་མཁས་ཅན་རྒན་གྲས་དང་འབྲེལ་ཡོད་ཚན་པའི་འགོ་ཁྲིད་གདན་ཞུ་གནང་ཡོད་པ་རེད།